e-texts navigator
Collection
Volume
Page
Wylie

182b1 ཤེས་པ་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བའོ་ཞེ་འམ། དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བའོ་ཞེ་འམ། རྒྱུ་མེད་རྐྱེན་མེད་པའོ་ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོ
182b2 ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་གཟུགས་ནི་གཟུགས་སུ་ཡོད་པའི་མཚན་ཉིད་དོ།། ཚོར་བ་ནི་མྱོང་བའི་མཚན་ཉིད་དོ།། འདུ་ཤེས་ནི་ཀུན་ཏུ
182b3 ཤེས་པའི་མཚན་ཉིད་དོ། ། འདུ་བྱེད་རྣམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དོ།། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དོ་ཞེས་དེ་སྐད་སྨྲ་ན། དེ་ཕྱི་རོལ་པས་ཀྱང་ཕྱི་རོལ
182b4 སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་གཟུགས་ནི་སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ།། གཟུགས་འགོག་པ་ནི་བདེ་བ་དང་ཞི་བ
182b5 ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས། ལོག་པར་ལྟ་བའི་བར་དུའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས
182b6 དང་། རྣམ་པར་ཤེས་པ་ནི་སྡུག་བསྔལ་བ་སྟེ། རབ་ཏུ་མ་ཞི་བའོ།། རྣམ་པར་ཤེས་པ་འགོག་པ་ནི་བདེ་བ་དང་ཞི་བའོ་ཞེས་དེ་སྐད་སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་ཞེས་བྱ་བ་ནས།
182b7 ལོག་པར་ལྟ་བའི་བར་དུ་ཞེས་ང་སྨྲའོ།། རབ་འབྱོར་གང་ཡང་གཟུགས་ནི་མེད་པ་ཉིད་དོ་ཞེས་སྐད་སྨྲ་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ




iiif viewer powered by OpenSeadragon

182a - 183a

Texts on this page

S18 - 'phags pa shes rab kyi pha rol tu phyin pa lnga brgya pa