e-texts navigator
Collection
Volume
Page
Wylie

182a1 སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་ཡི་དགས་རྣམས་དང་། ལྷ་དང་མི་རྣམས་ཀྱི་ནང་དུ་རྒ་ཤི་མྱོང་བ་ཡིན་ནོ།། རབ་འབྱོར་གཟུགས་ནི་སྐྱེ་བའོ།། འཇིག
182a2 པའོ། ། གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའོ།། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམས
182a3 དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྐྱེ་བ་མེད་པའི་རང་བཞིན་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་བོ།། རབ་འབྱོར་དེ་བཞིན
182a4 དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྐྱེ་བའོ།། འཇིག་པའོ།། རྣམ་པར་ཤེས་པའི་སྐྱེ་བ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ
182a5 མེད་པའོ། ། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པའི་སྐྱེ་བ་མེད་པའི་རང་བཞིན་དེ་ཡང
182a6 དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ཡང་དག་པར་སྒྲུབ་བོ།། རབ་འབྱོར་གང་ལ་ལ་ཞིག་གཟུགས་ནི་བདག་གམ་བདག་གིའོ་ཞེས་དེ་སྐད་སྨྲ་ན།
182a7 དེ་ནི་ཕྱིར་རོལ་གྱི་བྱིས་པ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟའོ་ཞེས་ང་སྨྲའོ།། རབ་འབྱོར་གང་ལ་ལ་ཞིག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར




iiif viewer powered by OpenSeadragon

181b - 182b

Texts on this page

S18 - 'phags pa shes rab kyi pha rol tu phyin pa lnga brgya pa