e-texts navigator
Collection
Volume
Page
Wylie

180b1 ལུས་དང་། རེག་བྱ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་དངོས་པོ་མེད་པ། དངོས་པོ་ངན་པ། དངོས་པོ
180b2 ཡོད་པའོ། ། དེ་ལྟར་གཟུགས་རེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་པ་བཞིན་དུ་རབ་ཏུ་མི་ཤེས་པས། གཟུགས་དེ་ལ་མངོན་པར་ཞེན་ཏོ།། མངོན་པར་གྲུབ་བོ།།
180b3 སྒྲིབ་པར་བྱེད་དོ།། དེ་དག་གཟུགས་དེ་ལ་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ་སྒྲིབ་པར་བྱེད་པ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ངེས་པར་འབྱུང་བར་མི་འགྱུར་ན།
180b4 ཐེག་པ་ཆེན་པོས་སྔ་སྨོས་ཀྱང་ཅི་དགོས་དེ་ལྟར་མངོན་པར་ཞེན་ཅིང་མངོན་པར་སྒྲུབ་སྟེ་སྒྲིབ་པར་བྱེད་པས། འདི་ལྟ་སྟེ། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང
180b5 ཡི་དགས་རྣམས་དང་། སྒྲ་རྣམས་དང་། མི་རྣམས་ཀྱི་ནང་དུ་སུན་རིང་པོར་ན་ཤི་མྱོང་ངོ་།། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས
180b6 པ་དངོས་པོ་མེད་པ་དང་། དངོས་པོ་ངན་པ་དང་། དངོས་པོ་ཡོད་པ་དང་། རབ་འབྱོར་མིག་དང་། གཟུགས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་།
180b7 བླ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། རྩཝ་དང་། དྲི་རྣམ་པ་དང་། རྩཝའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་རྣམས་དང་། རྩེའི་རྣམ་པར་ཤེས་པ་དང་།




iiif viewer powered by OpenSeadragon

180a - 181a

Texts on this page

S18 - 'phags pa shes rab kyi pha rol tu phyin pa lnga brgya pa