e-texts navigator
Collection
Volume
Page
Wylie

178a1 དགེ་བསྙེན་མ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་།
178a2 ཀློག་པ་ནས། ཡང་དག་པར་བསྟན་པའི་བར་དུ་བྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་ང་འཆད་ན། གང་དག་དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག
178a3 བྱང་ཆུབ་ཏུ་ངེས་པར་རིག་པར་བྱའོ། ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པའི་བར་འདི་ཐོས་ནས་མི་སྐྲག། མི་དངང
178a4 དངང་བར་མི་འགྱུར་བ་དེ་དག་ནི། སངས་རྒྱས་ཀྱི་ཡུལ་ལ་གནས་པའོ།། གོང་དུའང་མོས་པར་བྱེད་ན། དེ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ངེས་པར་འགྱུར་རོ།། འཇམ་དཔལ
178a5 སངས་རྒྱས་ཀྱིས་གནང་བ། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པ། དགྲ་བཅོམ་པ་ཐམས་ཅད་ཀྱིས་ཡང་དག་པར་མནོས་པའི་རྒྱ་འདི་གཞག་པར་བྱ་སྟེ། རྒྱ་འདི་ནི་མཉམ་པ་ཉིད་དུ
178a6 རྟོགས་པ་རྣམས་ལ་བཞག་གོ། ། འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུའང་ཆགས་པ་མེད་པ་ཡོངས་སུ་སྟོན་པའོ།། འཇམ་དཔལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ
178a7 རིགས་ཀྱི་བུ་མོ་རྒྱ་འདིས་བཏབ་པ་ནི། ངན་སོང་དུ་འགྲོ་བའི་སྐལ་བ་ཅན་མ་ཡིན་ནོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་འགྲོ་བ་འམ། འཇུག་པའི་སྐལ་བ་ཅན་མ་ཡིན་ནོ།། དེ་ནས




iiif viewer powered by OpenSeadragon

177b - 178b

Texts on this page

S17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo