| | e-texts navigator
|
175a1 པས་ཅི་ཞིག་བྷྱ། ཐོས་ནས་མ་དད་ཅིང་བྷེ་ནཨཱརྱཱཏྟཱར། དེ་ཅིའི་ཕྱིར་ལྡན། འདི་ལ་ཆོས་གང་ཡང་ཡོངས་སུ་འགྲུབ་པ་མ་བསྟན་ཏེ། མ་མ
175a2 ཟོའི་ཆོས་རྣམས་སྐྱེ་བ་འམ། འཇིག་པར་ཡང་མ་བསྟན། སློབ་པའི་ཆོས་རྣམས་དང་། མི་སློབ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། སངས
175a3 རྒྱས་ཀྱི་ཆོས་རྣམས་སྐྱེ་བའམ། འཇིག་པ་འམ། འཐོབ་པར་མ་བསྟན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ
175a4 འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བདག་ལ་འདུ
175a5 རྐང་དུ། དེང་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏམ་མཛད་པ་དེ་གང་ཡིན་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་འདྲི་བ་དང་། བདག་གིས་འདི་བང་དུ། ཆོས་ཐམས་ཅད་དང་མི
175a6 འགལ་བའི་གཏམ་མོ་ཞེས་བརྗོད་པར་བགྱིའོ། ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གང་སྐྱེ་བ་མ་མཆིས་པ་དང་འགལ་བའི་ཆོས་དེ་གང་ཡང་མ་མཆིས་ཏེ། བཀའ་མཆིད་དེ་ནི་སེམས
175a7 ཅན་གང་གིས་ཀྱང་འཚལ་བར་སྲ་བ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་ཅན་གང་ཡང་དམིགས་སུ་མ་མཆིས་པའི་སླང་དུའོ།། བཅོམ་ལྡན་འདས་གཞན་ཡང་བདག་གིས
iiif viewer powered by OpenSeadragon
174b - 175b