| | e-texts navigator
|
171b1 པ་གཅིག་ཡིད་ལ་བྱའོ། ། ཆོས་ཐམས་ཅད་ཀྱང་ཡིད་ལ་བྱའོ།། དེ་བཞིན་གཤེགས་པ་གང་ཡིད་ལ་བྱེད་པ་དེའི་མིང་ཡང་གཟུང་བར་བྱའོ།། མིང་དེའང་ཟོས་ཏེ་དམིགས་ནས། དེ་བཞིན
171b2 གཤེགས་པ་ཕྱོགས་ག་ལ་བཞུགས་པའི་ཕྱོགས་དེར་མངོན་དུ་བལྟས་ཏེ་འདུག་པར་བྱའོ། ། ཡིད་ལ་བྱའོ།། དེ་བཞིན་གཤེགས་པ་དེ་ཉིད་ཡིད་ལ་བྱས་ན། ཡིད་ལ་བྱས་པས་འདས་པ་དང
171b3 མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་གཅིག་པའི་ཕྱིར་རོ།། འཇམ
171b4 དཔལ་ཇི་ལྟར་དེ་བཞིན་གཤེགས་པ་གཅིག་གི་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང་། དེ་སྤོབས་པ་ཚད་མེད་པ་དེ་བཞིན་དུ། འཇམ་དཔལ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཐོབ
171b5 ནས་སྐྱེ་བ་མེད་པ་གཅིག་ཆོས་ཀྱི་རྣམ་གྲངས་ཀྱི་བྱེ་བྲག་ཚད་མེད་པར་ཤེས་པར་བྱའོ། ། འདིར་གང་དག་ཆུད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
171b6 རྫོགས་པའི་སངས་རྒྱས་ཀྱིས་གང་དག་གསུངས་པ་དང་། ཀུན་དགའ་བོས་ཇི་སྙེད་ཡོངས་སུ་གཟུང་བ་དེ་སྙེད་ཀྱི་ཆོས་ཀྱི་རྣམ་གྲངས་འདིར་སྣང་བར་འགྱུར་རོ།། བཀོད་པ་གཅིག་པའི་ཏིང
171b7 ངེ་འཛིན་འདི་བསྒྲུབས་པས་དེའི་ཚེ་ཚད་ཇི་ཙམ་པ་དེ་ཙམ་དུ་གནས་ཤིང་། གླེང་གཞི་དང་བཅས་པའི་ཆོས་བསྟན་པར་འགྱུར་རོ།། འཇམ་དཔལ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཁ་ཅིག
iiif viewer powered by OpenSeadragon
171a - 172a