e-texts navigator
Collection
Volume
Page
Wylie

140b1 གསོལ་པ། བཅོམ་ལྡན་འདས་བདག་གིས་དེ་ལྟར་བལྟས་ན། ཅིའང་མཐོང་བ་མ་མཆིས་སོ།། བཅོམ་ལྡན་འདས་དེ་བཞིན་དུ། བདག་གིས་ཆོས་གང་ལའང་སྐྱེ་བའང་མ་མཐོང།
140b2 འགག་པའང་མ་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ཀྱིས། དེ་བཞིན
140b3 གཤེགས་པ་དེ་ལྟར་མཐོང་བ་དང་། དེ་ལྟར་བསྙེན་བཀུར་བྱས་པ་གང་ཡིན་པ་དང་། ཁྱོད་ཀྱི་བྱམས་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་ཀྱང་། ཁྱོད་ལ་སེམས་ཅན་དུ
140b4 དམིགས་པ་དང་། སེམས་ཅན་དུ་མངོན་པར་ཞེན་པ་ཅིའང་མེད་ཅིང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཞུགས་ཀྱང་། ཁྱོད་ལ་སེམས་ཅན་དུ་མངོན་པར
140b5 ཞེན་པ་གང་ཡང་མི་འབྱུང་བ་དང་། ཁྱོད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ཚུལ་དང་། སྒྱིད་ལུག་པ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གོ་ཆ་བགོས
140b6 པ་དེ་ནི་ཁྱོད་དཀའ་བ་བྱེད་པའོ། ། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ
140b7 ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་གོ་ཆ་འདིའང་བགོས་ཏེ། བདག་ལ་སེམས་ཅན་དུ་དམིགས་པ་འམ། སེམས་ཅན་ལ་མངོན་པར




iiif viewer powered by OpenSeadragon

140a - 141a

Texts on this page

S17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo