e-texts navigator
Collection
Volume
Page
Wylie

138b1 པ་དང་། སྤོབས་པ་ཐོགས་པ་མེད་པ་དང་། བརྩོན་པ་མི་འདོར་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་དང་ཡང་ཐབས་ཅིག་གོ།། དེ་ནས་འཇམ་དཔལ
138b2 གཞོན་ནུར་གྱུར་པ། དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ། རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས
138b3 པའི་ཕོ་བྲང་གི་སྒོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། ཕོ་བྲང་གི་སྒོའི་ཕྱི་རོལ་ཏུ་འདུག་གོ།། དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུའང་། བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག
138b4 བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ག་ལ་བ་དེར་སོང་ངོ་།། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ
138b5 མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། དེ་དག་ཐམས་ཅད་དང་། གཞན་ཡང་ཉན་ཐོས
138b6 ཆེན་པོ་རྣམས་རང་རང་གི་གནས་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་ཕོ་བྲང་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས
138b7 ཉན་ཐོས་ཆེན་པོ་འོངས་ཤིང་ལྷགས་ཏེ་འདུས་པར་མཁྱེན་ནས། བདག་ཕོ་བྲང་ནས་བྱུང་སྟེ། ཕོ་བྲང་གི་ཕྱི་རོལ་ཕྱོགས་གཅིག་ཏུ་གདན་བཏིང་བ་ལ་བཞུགས་སོ།། བཞུགས་ནས་ཀྱང་།




iiif viewer powered by OpenSeadragon

138a - 139a

Texts on this page

S17 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo