e-texts navigator
Collection
Volume
Page
Wylie

399b1 བདེན་པའི་བྱིན་གྱིས་བརླབས་བྱས་མ་ཐག་ཏུ་དགེ་སློང་གི་སྤྱོད་ལ་པ་དང་ལྡན་པར་སྣང་བར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱ་ངན་མེད་ཀྱིས་བྱིན་པས
399b2 པབརྒྱལ་པོ་མ་སྐྱེས་དགྲལ་འདི་སྐད་ཅེས་སྨྲས་སོ། ། ཡབ་འདི་ལྟར་ཆོས་ཐམས་ཅད་ནི་བཅོས་མ་ན།། རྣམ་པར་བསྒྲུབས་པར་ཉེ་བར་གནས་པའི་མཚན་ཉིད་དང་། ཡོངས་སུ་བརྟགས་པ་ལས་ལངས་པ
399b3 མེད་བཞིན་དུ་ཕྱིན་ཅི་ལོག་དང་མཚུངས་པར་ལྡན་པ་ལགས་སོ། ། རྒྱལ་པོ་ཆེན་པོ་གཟིགས་ཤིག་དང་། དེ་རིང་ཁོ་ནའི་གདུགས་གཅིག་ལ་བུ་མོའི་གཟུགས་སུ་རང་གཟིགས། ཁྱེའུའི་གཟུགས
399b4 སུའང་ཁྱོད་ཀྱིས་གཟིགས། ད་ནི་བདག་ལ་དགེ་སློང་གི་གཟུགས་སུའང་ཁྱོད་ཀྱིས་གཟིགས་ན། འདི་ལ་གང་ཡང་དག་པའི་གཟུགས་ལགས། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཡ་མ་བརླའི་ཆོས་ཐམས
399b5 ཅད་ལ། འདི་ན་ཁ་ཅིག་ལྟ་བའི་ཀུན་ནས་དཀྲི་བས་ཀུན་ནས་གླགས་ཤིང་མཆིས་ཏེ། རང་གི་རྒྱུད་ལ་མཆིས་པའི་ཉོན་མོངས་པ་རྣམས་ཀྱིས་ཡོངས་སུ་སྲེག་གོ། ཡོངས་སུ་བསྲེགས་པས་ཆོས་འདུལ་བ
399b6 འདི་མ་འཚལ་ཏེ། འགྱོད་པ་མ་ལགས་པ་ལ་འགྱོད་པར་སེམས་སོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཁྱོད་ཀྱིས་བག་ཡོད་པར་མཛོད་ལ། རྒྱལ་སྲིད་ཉམ་ང་བ་ན་བཞུགས་བཞིན་དུ། རྟག་ཏུ་བཅོམ་ལྡན
399b7 འདས་ཀྱི་ཐད་དུ་བཞུད་ཅིག་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཁྱོད་ཀྱི་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་ལས་བྱུང་བའི་འགྱོད་པ་སེལ་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་ཁྱེད་ནི་བྱ་བ་མང་ཞིང་། བྱེད




iiif viewer powered by OpenSeadragon

399a - 400a

Texts on this page

S11.32 - 'phags pa mya ngan myed kyis byin pa lung bstand pa zhes bya ba theg pa chen po'i mdo