e-texts navigator
Collection
Volume
Page
Wylie

397a1 པ་ཁྲི་གསེར་གྱི་རྐང་པ་ཅན་ལས་བབས་ཏེ། ཉན་ཐོས་ཆེན་པོ་དེ་དག་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། གནིབ་པ་དང་།
397a2 མྱང་བར་བྱ་བ་བསོད་པ་མང་པོ་དག་གིས་བཀུར་སྟིར་བྱས་ཏེ། དད་པ་དང་གུས་པས་རང་གི་ལག་ནས་ཉན་ཐོས་ཆེན་པོ་དེ་དག་ཚིམ་པར་བྱས་ནས། འདི་སྐད་དུ་བཙུན་པ་དག་རང་དགར་སླད་དྲོ་བཅོམ་ལྡན་འདས་ལ
397a3 ཆོས་ཉན་དུ་བཞུད་ཅིག། བཙུན་པ་དག་བདག་ཀྱང་མཆི་བར་འཚལ་ལོ་ཞེས་ཀྱང་སྨྲས་སོ།། དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ཕ་མ་ལ་སོགས་པ་འཁོར་མང་པོ་དང་། སྐྱེ་བོ་ཕལ་པོ་ནི
397a4 ཡོངས་སུ་བསྐོར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། རྒྱལ་པོ་བཙུན་མོའི་འཁོར་དང
397a5 བཅས་པས་ཀྱང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། གནས་སྟེ་ཕྱོགས་གཅིག་ཏུ་འཁོད་དོ།། ཉན་ཐོས་ཆེན་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་སྟེ། བཅོམ
397a6 ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ
397a7 ལྡན་འདས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པའི་སྤོབས་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བུ་མོ་འདིས་ནི་ཐོག་མ་ཉིད་དུ་བྱང་ཆུབ་དོན་དུ་གཉེར་བ་ན། སངས




iiif viewer powered by OpenSeadragon

396b - 397b

Texts on this page

S11.32 - 'phags pa mya ngan myed kyis byin pa lung bstand pa zhes bya ba theg pa chen po'i mdo