e-texts navigator
Collection
Volume
Page
Wylie

396b1 གསུངས་ཤིག། རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་བཏག་པ་ལྟ་བུས་ཝ་སྐྱེད་པར་འགྱུར་བ་ནམ་ཡང་གསན་ཏམ། གཟིགས་སམ། རྒྱལ་པོས་སྨྲས་པ། བུ་མོ་དེ་ནི་མ་ཡིན་ནོ།།
396b2 བུ་མོས་སྨྲས་པ། ཡབ་དེ་བཞིན་དུ་དེ་བཞིན་གཤེགས་པ་སེང་གེའི་རྩ་ལ་ལྟ་བུས་གཤེགས་པ། དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཞམ་རིང་བ་ནི་ཉན་ཐོས་མཛེས་པ་མ་ལགས་སོ།། ཡབ་དེ་བཞིན
396b3 གཤེགས་པའི་སྲས་གང་ཡིན་ཞེས་ཡང་དག་པའི་སྨྲ་བས་གང་སྨྲན། བྱང་ཆུབ་སེམས་དཔའ་ཉིད་ཡིན་ནོ་ཞེས་དེ་དག་ཡང་དག་པའི་སྨྲ་བས་སྨྲའོ།། ཡབ་དེ་ལྟ་བས་ན་དེ་བཞིན་གཤེགས་པའི་སྲས་སུ་ལ
396b4 ལེན་པར་འཚལ་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། ། གཏམ་འདི་བརྗོད་པའི་སྐབས་སུ་རྒྱལ་པོ་ས་སྐྱེས་དགྲའི་བཙུན་མོའི་འཁོར་ནས། བཙུན་མོ་ཉི
396b5 ཤུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། ལྷའི་བུ་བརྒྱ་ཐམ་པས་ཀྱང་བུ་མོ་དེའི་སེང་གེའི་སྒྲ་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད
396b6 ། ཚིག་འདི་སྐད་དུ་བདག་ཅག་འདི་རྣམས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྲས་སུ་ཁས་ལེན་ཏོ་ཞེས་ཀྱང་སྨྲས་སོ།། ལྷའི་བུ་དེ་དག་གིས
396b7 འདི་ལྟར་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་མཆོད་པ་བྱ་བའི་ཕྱིར། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ལྷའི་མེ་ཏོག་གིས་མངོན་པར་གཏོར་ཏོ།། དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན




iiif viewer powered by OpenSeadragon

396a - 397a

Texts on this page

S11.32 - 'phags pa mya ngan myed kyis byin pa lung bstand pa zhes bya ba theg pa chen po'i mdo