e-texts navigator
Collection
Volume
Page
Wylie

371a1 མོ་འདི་ཉིད་ཀྱིས་མི་སྐྱེ་བའི་ཆོས་ལ་ཞུགས་པར་བྱས་སོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བུ་མོ་བློ་གྲོས་བཟང་མོ་ལ་ཕྱག་བྱས་ནས།
371a2 ཚིག་འདི་སྐད་དུ་བདག་གིས་སློབ་དཔོན་ཡུན་རིང་པོ་ཞིག་ན་མཐོང་ངོ་ཞེས་ཀྱང་སྨྲས་སོ།། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་མ་རྟོག་ཅིག། དེ་ཅིའི་ཕྱིར་ཞེ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་རྣམ
371a3 པར་མི་རྟོག་པའི་ཕྱིར་རོ། ། འཇམ་དཔལ་གྱིས་སྨྲས་པ། ཅིའི་ཕྱིར་སློབ་དཔོན་གྱིས་བུད་མེད་ཀྱི་ལུས་ལས་དེ་དུང་བསྒྱུར། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ནི་བུད་མེད་དོ།། འདི་ནི་སྐྱེས
371a4 པའོ་ཞེས་བྱ་བ་དེ་ནི་དམིགས་པ་སྟེ། འོན་ཀྱང་ཁྱོད་ཀྱིས་ཐེ་ཚོམ་མེད་པ་བྱའོ།། བདེན་པ་གང་གིས་བདག་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
371a5 རྒྱས་སུ་འགྱུར་བའི་བདེན་པ་དེས་བདག་སྐྱེས་པར་གྱུར་ཅིག། བུ་མོ་བློ་གྲོས་བཟང་མོས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེའི་མོད་ལ། དེའི་བུད་མེད་ཀྱི་དངོས་པོ་མི་སྣང་བར་གྱུར་ནས། སྐྱེས་པར་རེད་དེ།
371a6 ཆོས་གོས་ངུར་སྨྲིག་གྱོན་ནས། དེས་འདི་སྐད་དུ་བདེན་པ་གང་གིས་བདག་གིས་བྱང་ཆུབ་ཐོབ་པ་ན། དགེ་སློང་ཚུར་ཤོག་ཅེས་བྱས་པས་རབ་ཏུ་བྱུང་བར་འགྱུར་བ་དང་། བདག་གི་སངས་རྒྱས་ཀྱི་ཞིང་དེར
371a7 བདུད་ཀྱང་འབྱུང་བར་མི་འགྱུར་བ་དང་། ངན་སོང་གི་མིང་ཡང་མེད་པ་དང་། བུད་མེད་ཀྱི་སྐྱོན་རྣམས་ཀྱང་མེད་པར་འགྱུར་བའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་དགེ་སློང་བསྙེན་པར་རྫོགས་ནས




iiif viewer powered by OpenSeadragon

370b - 371b

Texts on this page

S11.30 - 'phags pa bu mo blo gros bzang mos zhus pa zhes bya ba theg pa chen po'i mdo