e-texts navigator
Collection
Volume
Page
Wylie

370b1 མཁས་པ་རྣམས་ཀྱང་གཞན་ཏེ། བྱང་ཆུབ་ཀྱང་གཞན་པར་གཟིགས་སམ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཚུལ་དུ་འདི་ནི་དབྱིངས་གཅིག་པ་ལགས་ཏེ། བླང་བ་མ་མཆིས
370b2 ཤིང་དོར་བ་མ་མཆིས་ལ་སྒོ་བཏགས་པ་མ་མཆིས་སོ། ། འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོས་བཤད་པ་འདིའི་དོན་ཤེས་པ་ཇི་སྙེད་ཅིག་ཡོད། བློ་གྲོས་བཟང་མོས་སྨྲས་པ།། འཇམ
370b3 དཔལ་བཤད་པ་འདིའི་དོན་འཚལ་པ་ནི་སྒྱུ་མ་སྤྲུལ་པའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་མཆིས་པ་དེ་སྙེད་དོ། ། འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་སྤྲུལ་པ་ཉིད་ཀྱང་མེད་ན། དེའི
370b4 སེམས་དང་སེམས་ལས་བྱུང་བ་ལྟ་ག་ལ་ཡོད། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་མཆིས་པའང་མ་ལགས། མ་མཆིས་པའང་མ་ལགས་ཏེ། དེ་བཞིན་གཤེགས
370b5 པའང་དེ་དང་འདྲའོ། ། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བུ་མོ་བློ་གྲོས་བཟང་མོ་འདི་ནི་ཟབ
370b6 མོའི་བཟོད་པ་དང་ལྡན་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། བུ་མོ་བློ་གྲོས་བཟང་པོ་ཡང་དག་པར
370b7 རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས། བསྐལ་པ་སུམ་ཅུ་ལོན་པའི་འོག་ཏུ་གདོད་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཁྱོད་ཀྱང་བུ་མོ་བློ་གྲོས་བཟང




iiif viewer powered by OpenSeadragon

370a - 371a

Texts on this page

S11.30 - 'phags pa bu mo blo gros bzang mos zhus pa zhes bya ba theg pa chen po'i mdo