| | e-texts navigator
|
370a1 སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ནི་གནས་པ་མ་མཆིས་པས། དེ་ལ་གནས་པར་མི་ནུས་ཏེ། འདི་ལ་དྲི་བ་མ་མཆིས་སོ།། འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཅ།
370a2 མོ་བྱང་ཆུབ་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཅེས་བགྱི་བ་ནི་རྣམ་པར་མི་རྟོག་པའི་ཆོས་ཀྱི་ཚིག་བླ་དགས་སོ།། འཇམ་དཔལ་གྱིས་སྤྲས
370a3 པ། བློ་གྲོས་བཟང་མོ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གང་གི་ཆོ་ག་བླ་དགས་ཡིན། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ནི་ནམ་མཁའ་དང
370a4 མཉམ་པ་ཉིད་ཀྱི་ཆོས་ཀྱི་ཚིག་བླ་དགས་སོ། ། འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་ཅི་དེ་བཞིན་གཤེགས་པའང་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་མཛད་དམ། བློ་གྲོས་བཟང་མོས་སྨྲས་པ། འཇམ
370a5 དཔལ་དཔེར་ན་སྨིག་རྒྱུ་དང་བྲག་ཆས་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱད་དོ། ། འཇམ་དཔལ་གྱིས་སྨྲས་པ། བློ་གྲོས་བཟང་མོ་ཁྱོད་ཀྱིས་ཅི་ལས་བས
370a6 ཏེ་དེ་སྐད་ཅེས་སྨྲས། བློ་གྲོས་བཟང་མོས་སྨྲས་པ། འཇམ་དཔལ་འདི་ལ་ཆོས་འགའ་ལའང་བསམ་པ་འམ། བསམ་པ་མ་ལགས་པ་མ་མཆིས་སོ།། འཇམ་དཔལ་གྱིས་སྨྲས་པ། བློ་གྲོས
370a7 བཟང་མོ་བསམ་པ་དེ་ལྟ་བུ་ཡིན་དུ་ཟིན་ན། བྱིས་པ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་འགྱུར་རོ།། བློ་གྲོས་བཟང་པོས་སྤྲས་པ། འཇམ་དཔལ་འདི་ཇི་སྙམ་དུ་དགོངས། བྱིས་པ་རྣམས་ཀྱང་གཞན་ལ།
iiif viewer powered by OpenSeadragon
369b - 370b