e-texts navigator
Collection
Volume
Page
Wylie

369a1 སྩལ་ནས། བཅོམ་ལྡན་འདས་ལ། བུ་མོ་བློ་གྲོས་བཟང་མོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཇི་སྐད།
369a2 བཅས་པ་འདི་དག་ལ་བདག་གིས་བསླབ་པར་འཚལ་ཏེ། བཅོམ་ལྡན་འདས་གལ་ཏེ་བདག་གིས་བཞི་པ་བཅུ་པོ་ཇི་སྐད་དུ་བཀའ་སྩལ་པ་འདི་དག་ལས་ཆོས་གཅིག་གཅིག་མ་སྤྱད་ནའང་། བདག་གིས་དེ་བཞིན
369a3 གཤེགས་པའི་སྐུ་བསྡུས་པར་གྱུར་ཅིག། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོས། བུ་མོ་བློ་གྲོས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད
369a4 པ་ནི་ཉམས་འོག་ཏུ་ཆུད་པར་དཀའ་ན། ཁྱོད་འདི་ལྟ་བུ་ཡང་དག་པར་ལེན་པར་བྱེད་ན། ཅི་ཁྱོད་ཀྱིས་སེམས་ལ་དབང་ཐོབ་བམ། དེ་སྐད་ཅེས་སྨྲས་ནས། བུ་མོ་བློ་གྲོས་བཟང་མོས། ཚེ་དང་ལྡན
369a5 པ་མོ་རུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་མོའུ་འགལ་གྱི་བུ་བདེན་པ་དང་། བདེན་པའི་ཚིག་གང་གིས་བདག་གིས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བའི་བདེན
369a6 པ་དང་། བདེན་པའི་ཚིག་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག། མ་དཀྲོལ་བར་ཡང་སིལ་སྙན་གྱི་སྒྲ་བྱུང་བར
369a7 གྱུར་ཅིག་ཅེས་བྱས་སོ། ། དེ་ནས་བུ་མོ་བློ་གྲོས་བཟང་མོས་དེ་ལྟར་བདེན་པའི་བྱིན་གྱིས་བརླབས་བྱས་མ་ཐག་ཏུ། དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས




iiif viewer powered by OpenSeadragon

368b - 369b

Texts on this page

S11.30 - 'phags pa bu mo blo gros bzang mos zhus pa zhes bya ba theg pa chen po'i mdo