e-texts navigator
Collection
Volume
Page
Wylie

366a1 བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན།། ཅི་འདྲ་ཁྱོད་ལ་བསྟན་པར་བྱ། དེ་ནས་བཅོམ་ལྡན་འདས་ལ། བུ་མོ་བློ་གྲོས་བཟང་མོས་ཚིགས་སུ་བཅད་དེ་གསོལ་བ།
366a2 གང་གིས་སུ་ནི་མཛེས་པར་འགྱུར།། གང་གིས་ནོར་ནི་ཆེ་བ་དང་།། མི་ཕྱེད་འཁོར་དང་ལྡན་པར་འགྱུར།། ཐུབ་པས་འདི་ནི་བདག་ལ་གསུངས།། ཆོས་ཀྱི་རྒྱལ་པོ་སྤྱན་སྔར་ནི།། གང་གིས་རྫུས་ཏེ་སྟེ་འགྱུར
366a3 ཞིང་། ། འདབ་མ་སྟོང་ལྡན་པདྨ་བ།། མཆིས་པར་ཡང་ནི་གདའ་བ་དང་།། ཞིང་རྣམས་བྱེ་བ་དཔག་ཡས་པར།། སངས་རྒྱས་ཕྱག་བགྱིར་མཆི་བ་ཡི།། རྫུ་འཕྲུལ་ཕ་རོལ་ཕྱིན་འགྱུར་བའི།། སྤྱོད་པ་རྒྱལ
366a4 བས་ལུང་བསྟན་གསོལ། ། དགྲ་ཟླ་མ་མཆིས་གང་གིས་འགྱུར།། ཚིག་ཀྱང་བཙུན་པར་འགྱུར་བ་དང་།། ལས་ཀྱི་སྒྲིབ་པ་མ་མཆིས་དང་།། བདུད་ཀྱི་ལས་ཀུན་མ་མཆིས་དང་།། འཆི་བའི་དུས་ནི་བགྱིད་པ་ན།
366a5 མངོན་སུམ་སངས་རྒྱས་མཐོང་བ་དང་།། དེ་ལས་ཆོས་ཀྱང་ཉན་པ་དང་།། སྡུག་བསྔལ་ཚོར་བ་མྱོང་མི་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བུ་མོ་བློ་གྲོས
366a6 བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ།། བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས
366a7 བཤད་དོ། ། བུ་མོ་བློ་གྲོས་བཟང་མོས། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྷར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།




iiif viewer powered by OpenSeadragon

365b - 366b

Texts on this page

S11.30 - 'phags pa bu mo blo gros bzang mos zhus pa zhes bya ba theg pa chen po'i mdo