e-texts navigator
Collection
Volume
Page
Wylie

365b1 བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོ་ལ་བབན། བྱ་རྒོད་ཀྱི་ཕུང་བའ་རིལ་དགེ་སློང་མ་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཚར
365b2 བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། ཁྱིམ་བདག་དྲག་ཤུལ་ཅན་གྱི་བུ་མོ་བློ་གྲོས་བཟང་མོ་ཞེས
365b3 བྱ་བ་བཙས་ནས་ལོ་བརྒྱད་ལོན་པ་འདྲ་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དག
365b4 བའི་རྩ་བ་བསྐྱེད་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། སངས་རྒྱས་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག
365b5 འདུག་པ་དེ་འཁོར་དང་བཅས་པར་བྱ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས
365b6 ། ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གལ་ཏེ་སྦུབས་ཕྱེ་བདག་གིས་ནི།། རྫོགས་པའི་སངས་རྒྱས
365b7 རྐང་གཉིས་མཆོག། འཇིག་རྟེན་སྣང་བར་མཛད་པ་ལ།། བྱང་ཆུབ་སེམས་དཔའི་སྤྱོད་གང་ན།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཡིད་ལ་ཅི་འདོད་ཐམས་ཅད་ནི།། བུ་མོ་ཁྱོད་ཀྱིས་དྲི་བར་གྱིས།




iiif viewer powered by OpenSeadragon

365a - 366a

Texts on this page

S11.30 - 'phags pa bu mo blo gros bzang mos zhus pa zhes bya ba theg pa chen po'i mdo