| | e-texts navigator
|
365a1 ངོ་ཚ་མཆིས་ཤིང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་རྩེ་བར་ཞུགས་པ་ལགས་ཀྱིས། བཅོམ་ལྡན་འདས་ཀྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ།
365a2 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བད་སའི་རྒྱལ་པོ་འཆར་བྱེད་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས
365a3 པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། བད་སའི་རྒྱལ
365a4 པོ་འཆར་བྱེད་ཀྱིས་ཞུས་པའི་ལེའུ་ཞེས་བྱ་སྟེ། འདུས་པ་ཉི་ཤུ་རྩ་དགུ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས
365a5 སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བམ་པོ་གཅིག་ཤློ་ཀཉིས་བརྒྱ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང
365a6 ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་པ་སྟེ། བུ་མོ་བློ་གྲོས་བཟང་མོས་ཞུས་པ། བམ་པོ་ཕྱེད་དོ།། །། ། རྒྱ་གར་སྐད་དུ། ཨཱརྱ་སུ་མ་ཏི་དཱ་རི་ཀ་པྲི་ཙྪ་ན
365a7 མ་པ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད
iiif viewer powered by OpenSeadragon
364b - 365b