| | e-texts navigator
|
364a1 བྱིས་པ་དེ་ནི་ཕྱི་ས་ཡི།། རྒྱལ་བ་བཟུང་ནས་གནས་པ་ཡིན།། ཅི་འདྲའི་ལས་ནི་བྱེད་པ་ལྟར།། དེ་འདྲའི་འབྲས་བུ་འཐོབ་འགྱུར་ཏེ།། རྒྱལ་པོ་ཡི་ནི་ཆད་པ་དང་།། སྡུག་བསྔལ་བཅིང་བ་།
364a2 མྱོང་བར་འགྱུར།། བུད་མེད་གཞི་ལས་སྐྱེས་པ་ཡང་།། བསད་དང་བཅིང་བ་མྱོང་འགྱུར་ཞིང་།། དམྱལ་སྲུངས་རྣམས་ཀྱིས་བསྲེག་པ་དང་།། ངེས་པར་འཆི་བའང་མྱོང་བར་འགྱུར།། བུད་མེད་རྣམས་ལ་བརྐམ་པ་ཡི།།
364a3 བློ་ངན་དེ་དག་བདེ་མི་འགྱུར།། གསལ་ཤིང་མཐོན་པོ་རྣམས་སུ་ནི།། བཙུགས་ཤིང་ཆུར་ཡང་བཅུག་པར་འགྱུར།། ས་ཡི་སེར་ཀར་བཅུག་ནས་ནི།། དེ་བཞིན་རལ་གྲིས་གདབ་པར་འགྱུར།། དེ་འདྲ་བ་དག་ཐོས་ནས
364a4 ནི། ། དེ་དག་ཡི་ཆད་པདེ་མི་འགྱུར།། རྨོངས་པ་བུད་མེད་ལྷན་ཅིག་ཏུ།། ཡང་དང་ཡང་དུ་འདུ་འཛི་བྱེད།། སྡུག་བསྔལ་འདོད་པ་རྣམས་སྟོན་ཅིང་།། སྨད་པ་རྣམས་ཀྱང་སྨྲ་བར་བྱེད།། རྨོངས་པ་རྣམས་ཀྱིས་ཆོས་ཐོས
364a5 ནས། ། དགེ་བར་གསུངས་ཤེས་རྗོད་བྱེད་ཀྱང་།། དེ་སེམས་བུད་མེད་ཕྱི་བཞིན་སོང་།། བྱི་བ་ལི་ནི་བྱི་ལ་བཞིན།། རྒྱལ་བས་གསུངས་པ་ཐོས་གྱུར་ནས།། ཡུད་ཙམ་ཞིག་ནི་ཡིད་བྱུང་ཡང་།། ཧ་ལ་ཧ་ལའི་དུག་འདྲ
364a6 བའི། ། འདོད་ཆགས་ཀྱིས་ནི་དེ་ཡང་འཁྲུག། ཇི་ལྟར་ཕག་ནི་ཡུད་ཙམ་ཞིག། སྔངས་ཤིང་སྐྲག་པ་བྱུང་གྱུར་ཀྱང་།། དེས་ནི་ཕྱིས་མཐོང་བ་ན།། ཆགས་པ་སྐྱེད་པར་བྱེད་པ་ལྟར།། དེ་བཞིར་བྱིས་པ་བདེ་འདོད
364a7 རྣམས། ། རྒྱལ་བའི་བསྟན་པ་སྤངས་ནས་ནི།། འདོད་པ་དམན་པ་རྣམས་སྟེན་པ།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། འདོད་པ་རྣམས་ལ་ཆགས་མྱོས་ནས།། ཤིན་ཏུ་སྡིག་པའི་ལས་བྱས་ཤིང་།། ཚུལ
iiif viewer powered by OpenSeadragon
363b - 364b