e-texts navigator
Collection
Volume
Page
Wylie

363b1 བྱེད་པ། ། དམྱལ་བ་དྲག་པོ་ཆེན་པོར་ནི།། ལྷུང་ནས་དཔུང་གཉེན་ཡོད་མིན་ཞིང་།། ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར།། མི་རྣམས་སྡིག་པ་བྱེད་པ་དག། ལྕགས་ལས་གྲུབ་པའི་བྲག་ཆེན་དང་།། མི་སྡུག་རི་བོ་རྣམས།
363b2 ཀྱིས་ནི།། དེའི་ཚེ་ཀུན་ནས་ལུས་འཇོམས་བྱེད།། དེ་ནི་རང་གིས་ལས་བྱས་པའི།། འབྲས་བུ་དེ་འདྲ་ཐོབ་གྱུར་ཅིང་།། དེ་ཡིས་ཚོར་བ་མྱོང་བ་ན།། དེ་ལ་སྐྱོབ་པ་འགའ་ཡང་མེད།། ཇི་སྙེད་རྟེན་པ་ཐམས་ཅད་ནི།།
363b3 བདག་གིས་མདུན་དེར་འགའ་ཡང་མེད།། དེར་ནི་མགོན་མེད་བདག་གཅིག་པུ།། སྡུག་བསྔལ་ཚོར་བ་མྱོང་བར་བྱེད།། གང་དག་བདེ་ཕྱིར་དོན་མིན་པར།། སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་།། ཕ་མ་དེ་དག་དེ་རིང་ནི།།
363b4 རྣམ་པར་གྲོལ་བའི་མཐུ་ཡང་མེད།། གང་དག་བདེ་ཕྱིར་དོད་མིན་པར།། སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་།། བུ་དང་བུ་མོ་ཆུང་མ་རྣམས།། དེ་རིང་བདག་ལ་འགྲོལ་མི་ནུས།། གང་དག་བདེ་ཕྱིར་དོན་མིན་པར།།
363b5 སྔན་ཆད་ཉེས་པ་སྤྱད་བྱས་ཀྱང་།། མཛའ་བཤེས་ཉེ་དུ་དེ་དག་ཀུན།། རྣམ་པར་གྲོལ་བར་ཡོང་མི་ནུས།། གང་དག་བདེ་ཕྱིར་དོན་མིན་པར།། སྔན་ཆད་ཉེས་པར་སྤྱད་བྱས་ཀྱང་།། བདག་གི་རྩ་ལག་དེ་དག་ཀུན།།
363b6 དེ་རིང་སྒྲོལ་བར་མི་ནུས་སོ།། འདོད་པ་དམན་པ་རྣམས་སྟོན་ཅིང་།། དམན་པའི་ཆོས་རྣམས་བསྟེན་ནས་ནི།། ཉེས་པའི་ལས་རྣམས་བྱེད་པ་དག། དེ་ཡིས་ངན་འགྲོར་འགྲོ་བར་འགྱུར།། ཤེས་རབ་འཆལ་པ་མནར
363b7 མེད་པར། ། སོང་ནས་སྡུག་བསྔལ་ཚོར་བ་མྱོང་།། སངས་རྒྱས་རྣམས་ཀྱིས་བུད་མེད་དག། ཕྱི་ས་འདྲ་ལྟར་དམན་པར་བསྒྲགས།། དེ་ཕྱིར་དམན་པ་རྣམས་དང་ནི།། དམན་པའི་བུད་མེད་རྣམས་བསྟེན་པ།།




iiif viewer powered by OpenSeadragon

363a - 364a

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u