e-texts navigator
Collection
Volume
Page
Wylie

362b1 རྟེན། ། སེམས་ནི་རོ་ལ་ཆགས་གྱུར་པ།། དེ་ཡིས་ངན་འགྲོར་འགྲོ་བར་འགྱུར།། ཇི་ལྟར་སྤྲེའུ་ཞིག་ཤིང་ལས་ནི།། ཤིང་གཞན་དུ་ནི་རྒྱུ་བའི་ཚེ།། དེ་ནི་གནས་དེར་གཙེས་གྱུར་ན།། དེ་ཉིད་དུ་ནི་སྡུག་བསྔལ་གྱུར།།
362b2 དེ་བཞིན་འདོད་ལ་བརྐམ་པ་དང་།། སྡུག་བསྔལ་འདོད་ཆགས་སྟོན་པ་དང་།། གཏི་མུག་རྒྱ་ལ་ཐོགས་པ་རྣམས།། དུས་ནི་ཡང་དང་ཡང་དུ་འདའ།། མི་བཀྲེན་རྣམས་ནི་གསལ་ཤིང་ལ།། རབ་ཏུ་བཙུགས་ནས
362b3 འཕྱང་བ་ལྟར། ། དེ་བཞིན་འདོད་ལ་ཆགས་པ་རྣམས།། ཤལ་མ་ལའི་ནི་མཐོ་ལ་འཕྱང་།། ཇི་ལྟར་མོན་སྲན་སྡེའུ་དང་གྲེའུ།། ལྕགས་ཟངས་རྣམས་སུ་བླུགས་ནས་ཀྱང་།། མེས་ནི་རབ་ཏུ་བསྲེགས་པ་ན།
362b4 དབུ་བར་བཅས་ཤིང་ཁོལ་བ་ལྟར།། དེ་བཞིན་དགེ་བ་མ་མཐོང་ཞིང་།། འདོད་ལ་ཆགས་པའི་སྐྱེ་བོ་རྣམས།། ཤི་ནས་ངན་སོང་འགྲོ་འགྱུར་ཞིང་།། ལྕགས་ཟངས་རྣམས་སུ་བཙོ་བར་འགྱུར།། མི་རྣམས།
362b5 གང་དག་སྡིག་བྱེད་པའི།། སེམས་ཅན་སྡིག་པ་རྣམས་ཀྱི་གནས།། ཟངས་ནི་བྱེ་བ་དྲུག་ཅུ་དང་།། གཞན་ཡང་བཞི་པོ་དག་ཡིན་ནོ།། ཟངས་ནི་སོ་སོ་རེ་རེ་ལ།། ཚད་ནི་དམིགས་སུ་ཡོད་མིན་ཞིང་།། མ་ཡི
362b6 ཕུང་པོར་ལྡན་རྣམས་སུ། ། བསྐལ་པ་དུ་མར་བཙོ་བར་འགྱུར།། ཁ་ཅིག་ཟངས་རྣམས་དེ་དག་ཏུ།། རང་གི་ལས་ཀྱིས་བསྐལ་བརྒྱ་འམ།། ཉིས་བརྒྱ་སུམ་བརྒྱ་ཚང་བར་འཚེད།། ཡང་ན་བཞི་བརྒྱར་བཙོ་བ
362b7 འགྱུར། ། ཕྲ་སྐམ་རྣོན་པོ་རྣམས་ཀྱིས་ནི།། བཟུང་ཞིང་ཡང་དང་ཡང་བསྩགས་པས།། དེ་དག་ཤ་ནི་ཡོད་རིན་ཞིང་།། དུང་ལྟར་དཀར་བ་རྣམས་སུ་འགྱུར།། ལྕགས་ཀྱི་གཞོང་པར་འདུག་ནས་ནི།། རབ་ཏུ




iiif viewer powered by OpenSeadragon

362a - 363a

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u