| | e-texts navigator
|
361a1 ཁྱི་དང་ཝ་རྣམས་ཇི་བཞིན་ནོ།། སྤ་དྲི་རོ་དང་རེག་རྣམས་ཀྱིས།། གང་ལ་སོ་སོའི་སྐྱེ་བོ་རྣམས།། བྱིས་པ་འཁོར་བར་ཡོངས་འཁོར་བར།། སྤྲེའུ་རྣམས་ཕུར་ལ་བཏགས་པ་བཞིན།། བྱིས
361a2 པ་མ་རིག་ཁེབས་པ་རྣམས། ། མུན་པའི་ཕུང་པོས་བསྒྲིབས་གྱུར་ཅིང་།། བུད་མེད་རྣམས་ལ་ཆགས་པ་ནི།། མི་གཙང་གནས་ལ་ཁྭ་བཞིན་ནོ།། གང་གིས་ངན་འགྲོར་རབ་འཇུག་པ།། དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན།།
361a3 རོ་མྱང་འདུ་ཤེས་ཆགས་གྱུར་པ།། ངན་སྐྱུགས་གནས་ལ་སྲིན་བུ་བཞིན།། བསད་པའི་གཤེད་མ་རྣམས་ཀྱིས་ནི།། ཇི་ལྟར་མི་ཞིག་བོར་བ་ལྟར།། ཤེས་ན་ཐར་པ་འཐོབ་འགྱུར་ཞིང་།། བུད་མེད་དབང་དུ་འགྲོ
361a4 མི་འགྱུར། ། འདོད་པ་བུད་མེད་ལྟ་བྱེད་པའི།། ཀུན་ཏུ་སྦྱོར་ལས་འཇིགས་པ་སྐྱེ།། བྱིས་པ་མཚན་མར་མངོན་པ་རྣམས།། འདོད་པའི་སྲེད་པས་རབ་ཏུ་འཕེལ།། སོས་ཀའི་དུས་ན་མི་ཞིག་ནི།། དགོན་པ
361a5 ཆེན་པོར་སོང་གྱུར་ནས། ། བྱིས་པས་ལན་ཚྭའི་ཆུ་འཐུངས་ན།། སྐོམ་པ་ཕྱིར་ཞིང་རབ་སྐྱེ་ལྟར།། དེ་བཞིན་བདེན་པ་མ་མཐོང་བའི།། བྱིས་པ་རྨོངས་པས་འཚོ་བ་རྣམས།། འདི་ན་ཕྱིར་ཞིང་བུད་མེད་ལ།
361a6 འདོད་པའི་སྲེད་པ་བརྟན་པར་འགྱུར།། ཇི་ལྟར་མི་ལུས་མཛ་ཅན་ལ།། སྲོག་ཆགས་རྣམས་ནི་ཟ་བ་ལྟར།། འདོད་བརྐམ་སོ་སོའི་སྐྱེ་བོ་རྣམས།། དེ་བཞིན་བུད་མེད་རྣམས་ཀྱིས་ཟོས།། མི་གཙང་བུམ་པ
361a7 ཁྲ་བོ་ཞིག། ཁ་དོག་ལྡན་པར་སྣང་མོད་ཀྱི།། ནང་ན་ཧ་ལ་ཧ་ལའི་དུག། དྲག་པོ་ཆེན་པོ་ཡོད་པ་ལྟར།། དེ་བཞིན་བུད་མེད་བརྒྱད་པ་དག། གང་དང་གང་ན་སྣང་བ་ཡང་།། གཅིན་དང་ཕྱི་སས་གང་བ་ཡི།།
iiif viewer powered by OpenSeadragon
360b - 361b