| | e-texts navigator
|
360a1 ལག་རྣཾས་སམ། མཚོན་ཆའམ། རྒྱལ་པོ་ལ་ཞོ་ཤས་འཚོ་བ་འམ། ཞིང་ལས་སམ། ཚོད་བྱེད་པའམ། བཟང་འཚོ་བ་འམ། ད་ལྟ་བུའི་བཟོའི་གནས་སྣ་ཚོགས་དང་།
360a2 ལས་ཀྱིས་གནས་སྣ་ཚོགས་དག་གིས་འཚོ་བར་བྱེད་ཅིང་། འདི་ལྟ་སྟེ། ནོར་གྱི་ཕྱིར་ལམ་མ་ཡིན་པར་ཡང་འགྲོ་བར་བྱེད། ལམ་ངན་པར་ཡང་འགྲོ་བར་བྱེད། གཅོད་རོ་ཅན་དང་། ཆུ་ཀླུང་ཅན་གྱི་ལམ
360a3 དུའང་འགྲོ་བར་བྱེད། མཚོན་ཆའི་ལམ་དུའང་འགྲོ་བར་བྱེད། རྒྱ་མཚོར་འཇུག་པར་ཡང་འཇུག་པར་བྱེད། ཟང་བའི་དུས་ནའང་ལྷགས་པས་གནོད་པར་བྱེད། དྲོ་བའི་དུས་ནའང་ཚ་བས་གནོད་པར་བྱེད
360a4 ཅིང་བཀྲེས་པ་དང་སྐོམ་པ་དག་གིས་གནོད་བཞིན་དུ་འགྲོ་བ་ལའང་སྤྲོ་བར་བྱེད་དེ། ལོངས་སྤྱོད་ཡོངས་སུ་ཚོལ་བ་ན། དེ་ལྟ་བུའི་སྡུག་བསྔལ་བདག་གིས་ལོངས་སྤྱོད་ཡོངས་སུ་བཙལ་ནས་ཀྱང་།
360a5 ཀི་འཚོ་བ་དག་གི་ཕྱིམཉེ་པར་སྒྲུབ་པར་བྱེད་པས། དགེ་སྦྱོང་དང་། བྲམ་ཟེ་དག་དང་། བཀྲེན་པ་དང་། སྡུག་འཕོངས་པ་དང་། སྤོངས་མོ་པ་དག་ལ་སྦྱིན་པ་སྟོན་པར་མི་བཟོད་ཅིང་ཟུད་མེད་རྣ
360a6 ཀྱི་དབང་དུ་བྱས་པ་དང་། བུད་མེད་རྣམས་ཀྱིས་ཐུལ་འོག་ཏུ་ཆུད་པ་དང་། བུད་མེད་རྣམས་ཀྱིས་བཀོལ་བ་དང་། བུད་མེད་རྣམས་ལ་བྱམས་པ་དེ་ཉིད་ཀྱིས། བུད་མེད་དེ་དག་ཉིད་གསོ་བའི་ཕྱིར་སྦྱིན་པ
360a7 སྦྱིན་པ་དང་། ཚུལ་ཁྲིམས་ཡང་དག་པར་ལེན་པར་མི་ནུས་ཤིང་། དེ་དེ་ལ་ཆགས་ལ། བུད་མེད་ཀྱིས་སྤྱོས་པ་འརྗོད་པར་བྱེད་ཅིང་། བུད་མེད་ཀྱིས་བསྡིགས་པ་དང་། བལྟས་པ་དང་། བརྒྱད་པ་དག
iiif viewer powered by OpenSeadragon
359b - 360b