e-texts navigator
Collection
Volume
Page
Wylie

359b1 བློ་ཡང་ནོར་པ་ཡིན། ། གང་དག་ཆུ་ཀླུང་དག་ཏུ་ཨུཏྤལ་རྩཝ་ཚོལ་ལྟར།། ལོག་པར་ལྟ་བས་ཡོངས་སུ་འཁོར་བར་བྱེད་པ་ཡིན།། བདེ་བའི་དོན་དུ་བདག་ཉིད་ཡོངས་སུ་སྤོང་བྱེད་ཅིང་།། ཆོས་མ་ཡིན་ལ
359b2 ཆགས་པའི་མི་རྣམས་མང་པོ་དག། དེ་བཞིན་བདེ་བའི་རྒྱུ་ཕྱིར་འདོད་པ་རྣམས་ཚོལ་བ།། དེ་དག་གཏི་མུག་རྨོངས་པས་སེམས་ཅན་དམྱལ་བར་འགྲོ། གང་དག་འདོད་པ་རྣམས་ཀྱི་དོན་དུ་རྟག་ཏུ་ནི།།
359b3 དེ་བཞིན་སེམས་ལ་གཅགས་པའི་སྐྱེས་བུ་ཐ་མ་དང་།། འདོད་པའི་བདག་ཉིད་ཅན་དང་སྐྱེ་བོ་སྡིག་ཅན་དང་།། འདུ་ཤེས་ལོག་པ་དག་ལ་བདེ་བ་ག་ལ་ཡོད།། མི་རྣམས་དེ་དག་བྱས་པ་མི་གཟོ་སྡིག་བཅས་ཤིང་།།
359b4 ད་པ་རྣམ་ཉམས་ཚུལ་འཆོས་གུས་པ་མེད་པ་དང་།། འཕགས་པའི་ཚོགས་ཀྱིས་རྟག་ཏུ་རྣམ་པར་སྤངས་པས་ན།། དམྱལ་བ་བཟོད་རླག་ཤིན་ཏུ་འཇིགས་སུ་རུང་བར་ལྷུང་།། གཟུག་དང་སྒྲ་དང་རོལ་ཆག
359b5 པའི་མི་རྣམས་ནི། ། བྱང་ཆུབ་སེམས་དཔའ་རྣམས་དང་མཁས་པ་མི་མཆོད་ཅིང་།། ལོག་པར་ལྟ་བས་ཆོས་ཀྱང་ཉན་པར་མི་བྱེད་ལ།། ལན་འགའ་ཡང་དགེ་འདུན་ལེགས་པར་མཆོད་པར་མི
359b6 བྱེད་པས། ། འཕགས་པ་རྣམས་ཀྱིས་རྣམ་སྤངས་ངན་སོང་ལྟུང་བས་ན།། དེ་ཕྱིར་མི་ཡི་སྲིད་པ་འདི་ནི་རྙེད་པ་ལ།། སྦྱིན་དུལ་ཡང་དག་སྡོམ་ལ་ངེས་པར་རྟེན་ཅིག་དང་།། དེ་ལས་བྱང་ཆུབ་དམ་པ་མཆོག་ཀྱང་ཐོབ
359b7 པར་འགྱུར། རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་པ་ནི་བཟོའི་གནས་སྣ་ཚོགས་དང་། ལས་ཀྱི་གནས་སྣ་ཚོགས་དག་གིས་འཚོ་བར་བྱེད་དེ། རྒྱལ་པོ་ཆེན་པོ་འདི་ལྟར་ཡི་གེ་འམ། རྩིས་སམ། གྲངས་སམ།




iiif viewer powered by OpenSeadragon

359a - 360a

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u