| | e-texts navigator
|
358b1 ཞིང་ལེགས་འོང་སྟེ། ། དེ་ལྟར་བྱེད་པ་དག་ནི་རབ་མཆོག་རྙེད་པ་ཡིན།། གང་དག་པ་མ་ནས་པ་གསོ་བར་བྱེད་པ་ཡི།། ཚོང་དཔོན་དེ་དག་ཡོན་ཏན་ཀུན་གྱི་གཙོར་འགྱུར་ཞིང་།། དེ་ནི།
358b2 ཞིང་ལས་འབྲས་བུ་ཕུན་སུམ་ཚོགས་འབྱུང་སྟེ།། བསོད་ནམས་བགྲངས་པའི་དོན་དུ་བརྗོད་པར་མི་ནུས་སོ།། གང་དག་པ་མ་རྒས་པ་གསོ་བར་བྱེད་པ་ནི།། དེ་དག་ཁུར་རྣམས་འཁྱེར་བའི་རྔ་མ
358b3 རྣམས་དང་ཡང་། ། ཡང་ན་གླང་དང་བོང་བུ་དག་ཏུའང་མི་འགྱུར་སྟེ།། མི་རྣམས་དེ་དག་སྤུ་གྲིའི་སོ་ལ་རྫི་མི་འགྱུར།། གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི།། དེ་དག་ཆུ་བོ་རབ་མེད་དང་ནི
358b4 མེ་མུར་དང་། ། སྤུ་གྲི་སོ་དང་ལྡན་པ་ལ་ཡང་མི་རྒལ་ཏེ།། དེ་དག་ཟངས་ཁུ་བསྐོལ་བ་འཐུང་བར་ཡོང་མི་འགྱུར།། གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི།། དེ་དག་ནོར་དང་འབྲུ་ནི་མི་ཉུངབ
358b5 དག་དང་། ། ཆུང་མ་བུ་དང་བུ་མོ་དམ་པ་དག་དང་ཡང་།། བཻ་ཌཱུཪྻ་དང་རིན་ཆེན་ས་ལེ་སྦྲམ་ཡང་རྙེད།། གང་དག་ཕ་མ་རྒས་པ་གསོ་བར་བྱེད་པ་ནི།། དེ་དག་རབ་འཕྲུལ་ལྷ་ཡི་ཕོ་བྲང་དག་དང་ནི།།
358b6 རྩུབ་འགྱུར་དང་ནི་འདྲེས་པའི་ཚ་ལ་ཡང་མཐོང་འགྱུར་ཏེ།། ལྷ་རྣམས་དུ་མས་རྟག་ཏུ་མདུན་དུ་བདར་བར་འགྱུར།། མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ལྷར་གྱུར་པ།། ཐུབ་པ་ཆེན་པོ་འདི་འདྲའི
358b7 གསུང་ནི་ཐོས་གྱུར་ན། ། རྒ་ཤིང་དབང་པོ་ཤིན་ཏུ་ཉམ་ཆུང་གྱུར་པ་ཡི།། ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད། རྒྱལ་པོ་ཆེན་པོ་གཞན་ཡང་སྐྱེས་བུ་དམ་པ་མ་ཡིན་པ་ནི། སྐྱེས
iiif viewer powered by OpenSeadragon
358a - 359a