| | e-texts navigator
|
357b1 བ་བས། ། བུད་མེད་ངེས་པར་སྟེན་པ་གནོད་པ་ཐོབ་པ་ཡིན།། སྐྱེས་པ་གང་གིས་དེ་འདྲའི་ཆོས་ཚུལ་རིག་ནས་ནི།། བུད་མེད་རྣམས་ལ་རབ་ཏུ་བག་མེད་མི་འགྱུར་བ།། དེས་ནི་རྟག་ཏུ་མཐོ
357b2 རིས་ལམ་ཡང་རྣམ་སྦྱངས་ཤིང་། ། དེས་ནི་བྱང་ཆུབ་དམ་པ་རྙེད་པར་དཀའ་མ་ཡིན། རྒྱལ་པོ་ཆེན་པོ་གཞན་ཡང་མིའི་ཕ་མ་དག་ནི་དཀའ་བ་བྱེད་པ་ཡིན་ཏེ། ཟླ་བ་དགུའམ་རྦ
357b3 བ་བཅུར་མངལ་ན་བཟུང་སྟེ། ཤིན་ཏུ་སྡུག་བསྔལ་བར་གསོས་ཤིང་། གཅིན་དང་ཕྱི་ས་ཡང་འཕྱི་བར་བྱེད། པང་དུ་བླངས་ནས་ནུ་ཞི་ལྡུད་པར་བྱེད། ཕུང་པོ་རྣམས་སྐྱེད་པར་བྱེད། ཁམས
357b4 རྣམས་གསོ་བར་བྱེད། འཇིག་རྟེན་སྟོན་པར་བྱེད། འཛམ་བུ་གླིང་སྣ་ཚོགས་སྟོན་པར་བྱེད། དོན་དུ་འདོད། ཕན་པར་འདོད། གྲུབ་པ་དང་བདེ་བར་འདོད། འཇིག་རྟེན་ལའང་ཕན་པར་འདོད་པ
357b5 སྦྱིན་པའི་གནས་ཡིན་ལ། བུ་ལ་ཕན་པ་དང་བདེ་བར་འདོད་པས། དེ་དག་གིས་རབ་གི་ནོར་གྱི་ཚོགས་ཀྱིས་གཞན་གྱི་ཁྱིམ་ནས་གཞན་གྱི་བུ་མོ་བླངས་པ་དང་། དེ་དེ་ལ་ཆགས་ཤིང་མྱོས་ལ། འཆུམ
357b6 ཤིང་བརྒྱལ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ཅིང་འདུག་པར་གྱུར་ནས། གཞན་གྱི་ཁྱིབ་ནས་བླངས་པའི་བུད་མེད་དེ་ལ་ཆགས་ཤིང་མྱོས་པས། སྦྱིན་པའི་གནས་པ་མ་དག་རྒས
357b7 འཁོགས་པ། གཏུགས་ལ་ལུས་ཉམ་ཆུང་ཞིང་མིག་མི་མཐོང་བ་དག་ལ་བརྙས་ཤིང་ལོངས་སྤྱོད་མེད་པ་དང་། ནོར་མེད་པར་བྱས་ནས། རང་གི་ཁྱིམ་ནས་ཕྱུང་སྟེ་སྐྲོད་པར་བྱེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཕ་མ
iiif viewer powered by OpenSeadragon
357a - 358a