e-texts navigator
Collection
Volume
Page
Wylie

355b1 དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུད་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ར་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས།
355b2 པ་ནི། བུད་མེད་ཀྱི་སྐྱོན་འདི་ལྟ་བུ་འདི་དག་ཐོས་ཀྱང་། བུད་མེད་ལ་ཆགས་ཤིང་བུད་མེད་ལ་རྟེན་པས། བགད་པ་དང་། དུས་པ་དང་། ཅ་ཅོ་འདོན་པ་དང་། བྲོ་བརྡུངས་པ་དང་། ཀླུ་བླངས་པ་དང་།།
355b3 རོལ་མོ་བྱས་པ་དག་རྗེསུ་དྲན་པར་བྱེད་ཅིང་སྐྱོ་བ་མི་སྐྱེད། ཡིད་འབྱུང་བར་མི་བྱེད་དེ། རྒྱལ་པོ་ཆེན་པོ་བྱིས་པའི་ཆོས་ལ་ཀུན་ཏུ་སྤྱོད་ཅིང་། ཀུན་ཏུ་སྤྱོད་པ་དེ་དག་དང་ལྡན་པའི་སྐྱེས་པ་ནི་ངན་སོང
355b4 རྣམས་སུ་སྐྱེ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་ལ་རྟེན་ཅིང་། ངན་འགྲོར་འགྲོ་བར་འཇུག་པ་དེ་ནི་སྐྱེས་པའི་སྐྱོན་དང་པོ་ཡིན་ནོ།། དེ་ནས
355b5 དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འདོད་པ་དྲི་ང་མི་གཙང་སྤང་བར་འོས་པ་དང་།། མི་མཐུན་འཇིགས་བྱེད་མི་རྟག་ལས་བྱུང་སྡུག་བསྔལ་བྱེད།། དོན
355b6 མེད་ཕུང་བར་བྱེད་ཅིང་དམན་པ་ཡིན་པས་ན། ། མཁས་པ་སུ་ཞིག་འདོད་པའི་སྐོམ་ལ་རྟེན་པར་བྱེད།། བརྩོག་པས་གང་བའི་ཆབ་ཁུང་དྲི་ང་ལྟ་བུ་དང་།། མནམ་པར་གྱུར་ཅིང་རུལ་བའི་ཁྱི་རྣམས
355b7 ཇི་བཞིན་དང་། ། ཤི་བ་དུར་ཁྲོད་ས་ནི་ཤིན་ཏུ་སྨསྨད་པ་ལྟར།། དེ་བཞིན་འདོད་པ་རྣམས་ཀྱང་མཆོག་ཏུ་སྨད་པ་ཡིན།། སྦྲང་བུ་རྨ་ཞིག་མཐོང་ནས་རྒྱུག་པ་ཅི་འདྲ་དང་།། ཕག་ནི་ངན་སྐྱུགས




iiif viewer powered by OpenSeadragon

355a - 356a

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u