e-texts navigator
Collection
Volume
Page
Wylie

354b1 འགྲོ་བར་འགྱུར་བའི་སྐྱེས་པའི་སྐྱེས་བུའི་སྐྱོན་ནི་བཞི་པོ་འདི་དག་ཡིན་ནོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་འདི་ལ་སྐྱེས་པ་འདོད་པ་རྣམ་ལ་ཆགས་པར་གྱུར་ཅིང་། དེ་འདོད་པ་རྣམས་ལ།
354b2 བག་མེད་པར་གྱུར་ནས། ཕྱིར་ཞིང་བུད་མེད་ལ་ལྟ་འདོད་དེ། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་ལ་ལྟ་བར་མི་འདོད་ཅིང་།།
354b3 དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་མཐོང་ན་བསྙེན་པར་མི་བྱེད། བསྟན་པར་མི་བྱེད། བསྙེན་བཀུར་མི་བྱེད་པས།།
354b4 དེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དག་གོས་ཡོངས་སུ་སྤངས་པས། དད་པ་ལས་ཡོངས་སུ་ཉམས། ཚུལ་ཁྲིམས
354b5 ལས་ཡོངས་སུ་ཉམས། གཏོང་བ་ལས་ཡོངས་སུ་ཉམས། ཤེས་རབ་ལས་ཡོངས་སུ་ཉམས་ཤིང་། དད་པ་དང་བྲལ་བ། ཚུལ་ཁྲིམས་འཆལ་པ། ཐོས་པ་ཉུང་བ། སེར་ཨུ0f7f་ཅ
354b6 ཨན་དུ་གྱུར་པ། ཡི་དགས་ཀྱི་ཡོན་ཏན་གྱི་ཆོས་ལ་ཀུན་ཏུ་སྤྱོད་པ། ཤེས་རབ་འཆལ་པ། ཐ་ལ་ཆགས་པ། བརྩོག་པའི་སྤྱོད་ཡུལ་ཅན། བཤུལ་བར་མནམ་པའི་ལ་མངོན་པར
354b7 དགའ་བ། མི་གཙང་བ་ལ་དགའ་བ། བུད་མེད་ལ་དང་ཆེ་བ། ཞི་བ་ཡོངས་སུ་མི་ཚོལ་བ། ཆགས་པའི་སྤྱོད་ཡུལ་ཅན། འགྲོ་བར་བྱ་བ་མ་ཡིན་པར་སོང་བ། སྨད་པར་འོས་པ། མི




iiif viewer powered by OpenSeadragon

354a - 355a

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u