e-texts navigator
Collection
Volume
Page
Wylie

353a1 རྒྱས་ལྔ་སྤོས་ཀྱ་ཚེ་འཚལ་སྙམ་དུ་སེམས་པར་གྱུར་ལགས་ཏེ། བཅོམ་ལྡན་འདས་བདག་འདི་ལྟར་བྱིས་པ་ལ་བུ་དང་། འདི་ལྟར་རྨོངས་པ་དང་། འདི་ལྟར་མིགས་པ
353a2 བ་དང་། འདི་ལྟར་མི་མཁས་པས། དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བདག་གིས་ཐ་བ་དང་ཞེ་སྡང་གི་སེམས་བསྐྱེད་པ་དེ། བཅོམ་ལྡན་འདས་ལ་བཟོད་པར་གསོབ་ཞི
353a3 ཉན་ཐོས་ཀྱི་དགེ་འདུན་གྱི་མདུན་དུའང་མོངས་པ་འཆགས་ཤིང་མཆིས་ན། ཐུགས་བརྩེ་བའི་སླད་དུ་བདག་གིས་ནོངས་པ་ནོངས་པར་བཤགས་པ་དེ། བཅོམ་ལྡན་འདས་ཀྱིས་ལེགས་པར་རྗེས་སུ
353a4 གཟུང་བར་གསོལ། དེང་སླན་ཆད་སྡོམ་པར་འཚལ་ལགས་སོ།། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་ཁྱོད་ལོངས་ལ་རང་གི་སྟན་གང་ཡིན་པ་ལ་འདུག་ཅིག་ཅེས། བད་སའི་རྒྱལ་པོ
353a5 འཆར་བྱེད་ཀྱིས་ཉེས་པ་བཤགས་པ་རྗེས་སུ་གཟུང་བར་གནང་ངོ་། ། དེ་ནས་བད་སའི་རྒྱལ་པོ་འཆང་བྱེད་ཀྱིས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ
353a6 ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་། བཅོམ་ལྡན་འདས་ལ། བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་གཏུམ
353a7 ཞིང་གཟུ་ལུམས་ཆེ་ལ། དྲག་ཤུལ་ཅན་ལགས་པས། བདག་གིས་བུད་མེད་ཀྱི་ཚིག་གིས་སྡིག་པའི་མུག་ལས་མངོན་པར་འདུ་བགྱིས་པ་དེས། བཅོམ་ལྡན་འདས་བདག་སེམས་ཅན་དམྱལ་བར




iiif viewer powered by OpenSeadragon

352b - 353b

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u