| | e-texts navigator
|
352b1 བའི་ཚུལ་དུ་སླར་ལོག་སྟེ། བདག་གི་གཡོན་རོལ་ལོགས་སུ་མཆིས་པར་གྱུར་ཅིང་། ལུས་ལ་ནི་མ་ཕོག་ནས། བཅོམ་ལྡན་འདས་བདག་གིས་མཆིས་བྲང་སྔོ་བསངས་ཅན་གྱི
352b2 སུག་པ་རྐང་པ་གཉིས་ལ་གཏུགས་ཏེ། མཆིས་དྲང་སྔོ་བསངས་ཅན་ལ་འདི་སྐད་དུ། ཁྱོད་ལྷ་མོ་ཞིག་གམ། འོན་ཏེ་ཀླུ་མོ་འམ། དྲི་ཟ་མོ་འམ། ཤ་ཟ་མོ་འམ། སྲིན་མོ་འམ།
352b3 སུ་ཞིག་ལགས་ཤེས་བགྱིས་པ་དང་། དེས་པདག་ལ་འདི་སྐད་དུ་རྒྱལ་པོ་ཆེན་པོ་བདག་ནི་ལྷ་མོའང་མ་ལགས། ཀླུ་མོའང་མ་ལགས། དྲི་ཟ་མོའང་མ་ལགས། ཤ་ཟ་མོའང་མ་ལགས
352b4 སྲིན་མོའང་མ་ལགས་ཀྱི། བདག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཉན་ཐོས་མོ་ལགས་ཏེ། ཁྱོད་ཉིད་ལ་སྙིང་བརྩེ་བའི་སླད་དུ།
352b5 སེམས་མཉམ་པར་བཞག་པ་ལགས་སོ་ཞེས་མཆི་ནས། དེ་ནས་མཆིས་བྲང་སྔོ་བ་སངས་ཅན་གྱིས། བཅོམ་ལྡན་འདས་ཀྱི་བསྔགས་པ་རྣམ་གྲངས་དུ་མས་བརྗོད་པ་དང་། བཅོམ་ལྡན་འདས་དེ
352b6 ལ་བདག་འདི་སྙམ་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཉན་ཐོས་མ་འདིའང་དེ་ལྟ་བུའི་སྙིང་རྗེའི་བསམ་པ་དང་། དེ་ལྟ་བུའི་བྱམས
352b7 པ་ཐོབ་པ་དང་། དེ་ལྟར་རྫུ་འཕྲུལ་ཆེ་བ་དང་། དེ་ལྟར་མཐུ་ཆེ་བ་དང་། དེ་ལྟར་དབང་ཆེ་བར་གྲགས་པ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
iiif viewer powered by OpenSeadragon
352a - 353a