e-texts navigator
Collection
Volume
Page
Wylie

351b1 ཅིང་། མི་བཟང་དམྱལ་བར་ལྷུང་བས་ན།། ཁྱོད་ནི་བུད་མེད་ཚིག་མ་གསན།། བདག་ནི་ཁྲོ་བ་མ་མཆིས་ཏེ།། བདག་གི་ཡིད་ནི་རབ་ཏུ་དང་།། ཁྱབ་བདག་འཇིག་རྟེན་མགོན་པོ་ལ།།
351b2 ཐུགས་ནི་རབ་ཏུ་དང་བར་མཛོད།། རྒྱལ་པོ་ཆེན་པོ་བཞུད་མཛོད་དེ།། ཁྱོད་ཀྱིས་རྐང་གཉིས་མཆོག་གཟིགས་ལ།། དེ་ཡིས་ཆོས་ནི་གང་བསྟན་པ།། གཡེལ་མ་མཆིས་པར་ཁྱོད་ཀྱིས
351b3 གསོན། དེ་ནས་བད་སའི་རྒྱལ་པོ་འཆར་བྱེད། བཙུན་མོ་སྔོ་བསངས་ཅན་གྱིས་བསྐུལ་བས། རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་འབྱོར་པ་ཆེན་པོ་དང་།། སྐྱེ་བའོ།།
351b4 ཚོགས་པལ་པོ་ཆེས་ཡོངས་བསྐོར་ཅིང་མདུན་དུ་བདར་ནས། རྟབ་ཅིང་མྱུར་བ་མྱུར་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། དེས་བཅོམ་ལྡན་འདས་མཛེས་པ། དང་བར་གྱུར་པ། དབང
351b5 པོ་ཞི་པ། ཐུགས་ཞི་བ། དུལ་བ་དང་ཞི་གནས་ཀྱི་མཆོག་དམ་པའི་ཕ་རོལ་ཏུ་བྱོན་པ། བསམ་གཏན་དམ་པ་རྣམས་ཀྱི་ཕ་རོལ་ཏུ་གཤེགས་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ།
351b6 དཔལ་གྱིས་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་རྒྱན་པ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།
351b7 དགེ་བསྙེན་མ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།




iiif viewer powered by OpenSeadragon

351a - 352a

Texts on this page

S11.29 - 'phags pa bat sa'i rgyal po 'char byed kyis zhus pa zhes bya ba'i le'u