| | e-texts navigator
|
351a1 བདག་གིས་སེམས་ནི་མཉམ་བཞག་གིས།། ཁྱབ་བདག་འཇིག་རྟེན་མགོན་པོ་ལ།། ཐུགས་ནི་རབ་ཏུ་དང་བར་མཛོད།། བསྐལ་པ་བྱེ་བ་སྟོང་རྣམས་སུ།། གང
351a2 གིས་བྱམས་པ་ལེགས་བསྒོམས་ཏེ། ། བྱམས་ལ་གནས་པའི་སྐྱེས་བུ་དང་།། བུད་མེད་དག་ནི་མི་གསོད་གསུངས།། གང་ཞིག་ལོ་ཏོག་སྨིན་པ་ལ།། སེར་ལྟར་ཡང་དག་ཇི་བཞིན་མཁྱེན།།
351a3 བུད་མེད་རྣམས་ཀྱིས་གནོད་མེད་པ།། དེ་ཡི་བསྟན་ལ་བདག་དགའ་ལགས།། འཇིག་རྟེན་མགོན་པོ་ཐམས་ཅད་ཀྱིས།། བུད་མེད་རྣམས་ནི་སྨད་པར་གསུངས།། བུད་མེད་རྣམས་ལ་མི་ལྷ།
351a4 འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྔགས།། སངས་རྒྱས་རྣམས་དང་རང་སངས་རྒྱས།། བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས།། བུད་མེད་སྟེན་པར་མི་མཛད་དེ།། དེ་ནི་བྱིས་པའི་སྤྱོད་ཡུལ
351a5 ལགས། ། བུད་མེད་རྣམས་ལ་བརྟེན་པ་ནི།། ཀུན་ནས་བདུད་ཀྱི་ཞགས་པར་གསུངས།། སྡིག་པ་རྣམས་ལ་ཆགས་པ་ནི།། རྐུན་འཇོམ་དཀྲུག་པའི་ཤུལ་དང་འདྲ།། མི་མཁས་དུ
351a6 མེད་ཆགས་པ་དང་། ། སྡིག་པའི་ལས་ནི་བགྱིད་པ་དང་།། ཡེ་ཤེས་སྤོང་བར་འཚལ་བ་ཡིས།། སེམས་ཅན་རྣམས་ནི་ངན་འགྲོར་ཁྲིད།། མཁས་པ་ཐར་པར་འཚལ་བ་ཡིས།། བུད
351a7 མེད་བསྟེན་པར་མི་བགྱི་སྟེ། ། ཞུགས་བལྟམས་དུ་བ་མ་མཆིས་པའི།། དོང་དུ་མཆོངས་པ་མིང་ངོ་ལགས།། ཡིད་འོང་བཀའ་མཆིད་བགྱིས་པ་དང་།། བལྟས་པས་ཀྱང་ནི་འཆིང་བགྱིད
iiif viewer powered by OpenSeadragon
350b - 351b