| | e-texts navigator
|
350b1 བཅད་དེ་སྤྲས་པ། ཁྱོད་ནི་ལྷ་མོ་འམ་དྲི་ཟ་མོ།། ཤ་ཟ་མོ་འམ་སྲིན་མོ་འམ།། ངས་ནི་ཇི་ལྟར་གཟུང་བར་བྱ།། ང་ཡིས་དྲིས་པར་སྤྲོས་ཤིག། གང་ལ་མཚོན་གྱིས་མི་གནོད་པའི།
350b2 བུད་མེད་འགའ་ཡང་ཡོད་མིན་ཏེ།། ངས་ནི་འདི་ལ་གང་སུ་ཡང་།། ཐོས་སམ་མཐོང་ངམ་ཤེས་པའང་མེད།། ང་ནི་སྟོབས་ལྡན་བརྩོན་འགྲུས་ཅན།། འཕོང་གི་ཤེས་པ་ལེགས་བསླབས་པ།
350b3 ང་ཡི་མདའ་ནི་གདོན་མི་ཟ།། ནམ་ཡང་མི་ཕོག་ཡོད་མིན་ཏེ།། སྤྲེའུ་འམ་ཡང་ན་བྱ་དང་ནི།། མིའམ་ཡང་ན་འབེམ་ཡང་རུང་།། གང་ལ་ང་ཡིས་མངའ་འཕངས་པ།། ནམ་ཡང
350b4 མི་ཕོག་ཡོད་མིན་ན། ། དེ་རིང་མདའ་འདི་འཕངས་པ་ནི།། བཟློག་པའི་ཚུལ་དུ་ཕྱིར་འོངས་ཏེ།། ལུས་ལ་གནོད་པ་མེད་པར་ནི།། ང་ཡི་མདུན་དུ་འདུག་པར་འགྱུར།། གཞན་གྱི་ཚིག་ནི
350b5 མཉན་ནས་ཀྱང་། ། ང་ནི་ཁྱོད་ལ་གསོད་འདོད་པ།། ང་ནི་ཁྱོད་ལ་སྐྱབས་སུ་འགྲོས།། སྡུག་བསྔལ་གྱུར་པ་ང་ལ་སྐྱོབས།། ཕྱིན་ཆད་འདི་འདྲ་མི་བྱེད་ཀྱིས།། སྡུག་བསྔལ་བ་ལ་དེང
350b6 བཟོད་ཀྱིས། ། ཁྱོད་སྔོན་དགའ་བ་དྲན་བྱོས་ལ།། དང་བར་གྱིས་ཤིག་ཁྲོ་ཐུལ་ཅིག། དེ་ནས་བཙུན་མོ་སྔོ་བསངས་ཅན་གྱིས། བད་སའི་རྒྱལ་པོ་འཆར་བྱེད་ལ་ཚིགས་སུ་བ
350b7 དེ་སྤྲས་པ། བདག་ནི་ལྷ་མིན་དྲི་ཟ་མིན།། ཤ་ཟ་མོ་མིན་སྲིན་མོ་མིན།། བདག་ནི་བཙུན་མོ་སྔོ་བསངས་ཅན།། འཇིག་རྟེན་མགོན་པོའི་ཉན་ཐོས་མ།། ལྷ་ཁྱོད་ལ་ནི་སྙིང་བརྩེ་བས།
iiif viewer powered by OpenSeadragon
350a - 351a