| | e-texts navigator
|
350a1 ས་བླངས་ཏེ་འཕངས་སོ། ། དེ་ནས་དེའི་མོད་ལ་འདུན་མོ་བསངས་ཅན་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོ།
350a2 པའི་སངས་རྒྱས་ལྷ་འཚལ་ལོ་ཞེས་བཅོམ་ལྡན་འདས་ལ་ཕྱག་བྱས་ཤིང་། བཅོམ་ལྡན་འདས་ཀྱི་བསྔགས་པ་བརྗོད་ནས། བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས
350a3 འདི་ལྟར་སངས་རྒྱས་ཀྱི་མཐུས། མདའ་སྟེའུ་ཀ་ཉ་རྔ་མ་དེ་དེ་ནས་ཕྱིར་ལོག་སྟེ། བད་སའི་རྒྱལ་པོ་འཆར་བྱེད་དེ་ཉིད་ཀྱི་མགོའི་དྲང་ཟད་ཀྱི་སྟེང་གི་བར་སྣང་ལ་འབར། རབ་ཏུ་འབར། ཀུན
350a4 ཏུ་རབ་ཏུ་མཆེད་དེ་འབར་ཞིང་། མེ་ལྕེ་གཅིག་ཏུ་གྱུར་ཏེ། ཕར་འགྲོ་ཚུར་འགྲོ་ཞིང་འདུག་འདུག་ནས། བད་སའི་རྒྱལ་པོ་འཆར་བྱེད་ག་ལ་བ་དེར་སོང་ནས། བད་སའི་རྒྱལ་པོ་འཆར
350a5 བྱེད་ཀྱི་གཡོན་རོལ་ལོགས་སུ་འདུག་པར་གྱུར་ཏེ། དེའི་ལུས་ལ་ནི་མ་ཕག་གོ།། ལན་གཉིས་ལན་གསུམ་དུ་དེ་ལྟར་གྱུར་པ་དང་། དེ་ནས་བཙུན་མོ་སྔོ་བསངས་ཅན་གྱིས། བད་ས
350a6 རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་སོ། ། རྒྱལ་པོ་ཆེན་པོ་དེ་ལྟ་ལགས་པས། གལ་ཏེ་ཁྱོད་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ན། ཁྱོད་ལའང་བདེ་ལེགས་སུ་འགྱུར་ལགས་སོ།།
350a7 དེ་ནས་བད་སའི་རྒྱལ་པོ་འཆར་བྱེད་འཇིགས་ཤིང་སྤངས་ལ། སྒྱིད་ལུག་ཅིང་སྤུ་བྲིང་ཞེས་བྱེད་པར་གྱུར་ཏེ། ས་ལ་འགྱེལ་ནས་བཙུན་མོ་སྔོ་བསངས་ཅན་ལ་ཚིགས་སུ
iiif viewer powered by OpenSeadragon
349b - 350b