| | e-texts navigator
|
349b1 སྐད་དུ། ཨཱརྱ་ཨུ་ད་ཡ་ན་བད་ས་རཱ་ཛ་བ་རི་བྲྀ་དྷ་རྣམ་པ་རིབརྟ། བོད་སྐད་དུ། འཕགས་པ་པད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ཞེས་བྱ་བའི་ལེའུ། བམ་པོ་གཅིག་པ།
349b2 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀོའུ་ཤམ་བི་ན་དབྱངས་ཅན་གྱི་ཀུན་དགའ་ར་བ་ན། དགེ་སློང
349b3 ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་མ་དུའི་བུ་མོ་བཙུན་མོ་དཔེ་མེད
349b4 ཕྲག་དོག་དང་སེར་སྣས་ཟིན་པས། བཙུན་མོ་སྔོ་བསངས་ཅན་ལ་ལྷག་པར་དམིགས་ནས། པད་སའི་རྒྱལ་པོ་འཆར་བྱེད་ལ་ལྷ་མཁྱེན་པར་མཛད་དུ་གསོལ། བཙུན་མོ་སྔོ་བསངས་ཅན་ལ་སོགས་པ་བུད་མེད
349b5 ལྔ་བརྒྱ་ནི། དགེ་སྦྱོང་གོའུ་ཏ་མ་དང་ལྷན་ཅིག་ཏུ་རབ་ཏུ་སྐྱོན་ཆགས་པ་བགྱིད་དེ། དེའི་སླད་དུ་བདག་གིས་ལྷ་ལ་གསོལ་པ་ལགས་ཀྱིས། ཇི་ལྟར་མཁྱེན་པ་དེ་བཞིན་དུ་མཛད་དུ་གསོལ་ཞེས་བརྫུན་གྱི
349b6 ཚིག་གིས་དབྱེན་བྱས་པར་གྱུར་ཏོ། ། དེ་ནས་བད་སའི་རྒྱལ་པོ་འཆར་བྱེད། མ་དུའི་བུ་མོ་བཙུན་མོ་དཔེ་མེད་ཀྱིས་དབྱེན་བྱས་པས། བཅོམ་ལྡན་འདས་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཐབ
349b7 དང་འཁྲུག་པ་དང་། ཁྲོ་བ་སྐྱེས་པར་གྱུར་ཏོ།། དེ་ཡི་མ་རངས་ཤིང་ཁྲོ་བ་དང་བརྔས་པས་ཟིལ་གྱིས་ནོན་པས། བཙུན་མོ་སྔོ་བསངས་ཅན་གསད་པའི་ཕྱིར་གཞུ་འདུངས་ནས་མདའ་སྟེའུ་ཀ
iiif viewer powered by OpenSeadragon
349a - 350a