e-texts navigator
Collection
Volume
Page
Wylie

348b1 ཀུན་དཀའ་བོ་ཁྱིམ་བདག་འདི་དག་ཐམས་ཅད་ནི། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པར
348b2 སྟེ། ཁྱིམ་བདག་འདི་དག་འདི་ནས་ཤི་འཕོས་ནས། ནམ་དུའང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཞིང་། ཕྱིས་ཀྱང་ལྷ་དང་མི་རྣམས་ཀྱི་ནང་དུ་བདེ་བ་མྱོང་ནས། མཐར་གྱིས་དེ་བཞི
348b3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཉེས་པར་བྱེད་ཅིང་། ཐུགས་བྱུང་བར་མི་བྱེད་དེ། བསྟི་སྟང་བྱེད་པར་འགྱུར། བཙུན་པར་བྱེད་པར་འགྱུར། རིམ
348b4 གྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ།། བསྐལ་པ་བཟང་པོ་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་མཉེས་པར་བྱེད་ཅིང་། ཐུགས་བྱུང་བར་མི་བྱེད་དེ། བསྟི་སྟང་བྱེད
348b5 པར་འགྱུར། བཙུན་པར་བྱེད་པར་འགྱུར། རིམ་གྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཉན་པར་འགྱུར་ཏེ། ཐོས་ནས་ཀྱང་འཇིན
348b6 པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། གཞན་དག་ལའང་རྒྱ་ཆེར་རབ་ཏུ་སྟོན་པ་འགྱུར་རོ།། དེའི་འོག་ཏུ་བསྐལ་པ་ཉི་ཤུ་རྩ་ལྔ་ན། སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་བླ་ན་མེད་པ་ཡང་དག
348b7 པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་དཔལ་གྱི་སྙིང་པོ་ཞེས་བྱ་བར་མཚན་འཐུན་པར་འཇིག




iiif viewer powered by OpenSeadragon

348a - 349a

Texts on this page

S11.28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo