e-texts navigator
Collection
Volume
Page
Wylie

347b1 སྐྱོ་བར་ཡོང་མི་འགྱུར།། གང་དག་བྱང་ཆུབ་སྤྱད་སྤྱོད་པ།། དཔའ་བོ་སྨན་པའི་རྒྱལ་པོ་འདྲ།། དེ་དག་སེམས་ཅན་སྡུག་བསྔལ་སྐྱོབ།། སྨྱོ་བ་རྟག་ཏུ་རྣམ་པར་སྤངས།། དཔའ་བོ་སངས་རྒྱས
347b2 ཆོས་འཚལ་བ། ། འགྲོ་བའི་སྐྱེ་བ་ཐམས་ཅད་དུ།། སེམས་ནི་འདོར་བར་མི་བགྱིད་ཅིང་།། དེ་དག་བརྟུལ་ཞུགས་དེ་ཡང་སྟོན།། སེམས་འདི་ལ་ནི་གང་དཀའ་བ།། ཤཱཀྱ་སེང་གེ་མི་ཡི་མཆོག། སངས
347b3 རྒྱས་ཅི་འདྲ་དེ་འདྲར་འགྱུར། ། བདག་ཅག་རྙེད་པ་ལེགས་པར་རྙེད།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་འདས་རྣམས་གང
347b4 གི་ཚེ་འཛུམ་པ་མཛད་པ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་བྱུང་བ་འདི་ལྟ་སྟེ
347b5 སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་སྟེ། འོད་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་སུ་མེད་པ་དག་ཁྱབ
347b6 པར་བྱས་ནས། སངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ། ཉི་ཟླ་རྣམས་ཀྱི་གཟི་བརྗིད་ཟད་པར་བྱས་ནས་སླར་ལོན། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས
347b7 བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་འཙུམ་ཏེ།




iiif viewer powered by OpenSeadragon

347a - 348a

Texts on this page

S11.28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo