| | e-texts navigator
|
344b1 པར་འགྱུར།། མཁས་པ་སུ་ཞིག་ལོངས་སྤྱོད་སྲེད་པ་སྐྱེད།། སྒྱུ་མ་འདྲ་ཞིང་གར་མཁན་ལྷ་དང་མཚུངས།། དྲི་ཟའི་གྲོང་ཁྱེར་སྣ་ཚོགས་ཅི་འདྲ་བ།། ལོངས་སྤྱོད་དེ་དག་འདི་འདྲ་བྱིས་པ་འདྲི།།
344b2 དེ་ལྟར་ལོག་པ་ཚོལ་ཞིང་བྱིས་པ་འཁྱམ།། སྡུག་བསྔལ་བརྒྱ་ཡིས་ལོངས་སྤྱོད་བཙལ་བཙལ་བ།། ལུས་ལ་གནོད་པ་མཚུངས་མེད་བསྐྱེད་བྱས་ནས།། རྒྱལ་པོའི་མཐུ་ཡིས་དེ་དག་ཕྲོགས
344b3 གྱུར་པ། ། དེ་དག་ལ་ནི་མཁས་གང་དགའ་བ་སྐྱེད།། བུ་དང་ཆུང་མའི་དབང་དུ་མི་འགྱུར་བར།། རྒྱལ་པོ་ཉེས་པ་བྱུང་བའི་ནོར་ཕྲོགས་པ།། ཉེས་པ་འདི་འདྲ་དེ་དག་རིག་ནས་སུ།། མཁས་པ
344b4 རྣམས་ནི་ཁྱིམ་ལ་སྲེད་མི་སྐྱེད། ། རྟག་ཏུ་བརྣབ་ཅིང་ལོངས་སྤྱོད་ཚོལ་བྱེད་པ།། དེ་ནི་ཕ་དང་མ་ལ་མི་གུས་ཤིང་།། བུ་དང་ཆུང་མ་ལ་ཡང་མི་བྱམས་པར།། དེ་དག་རྟག་ཏུ་ཆགས་ལ་འཇིག་པར།།
344b5 བྱེད།། བདག་གི་ལོངས་སྤྱོད་འགྲིབ་པར་འགྱུར་འོང་ཞེས།། བརྣབ་མོ་བྱས་གཟོ་རྣམས་ཀྱང་རྙེད་མི་འགྱུར།། གཡོ་དང་སྒྱུས་ནི་ནོར་རྣམས་ཚོལ་བྱེད་པ།། བརྣབ་མོ་དག་ལ་མཁས་པ་ཡིད་མི་རྟོན།།
344b6 སེམས་ཅན་བརྣབ་མོ་གཡོ་ལྡན་འདྲིད་པ་ཉིད།། ཡིད་གཞན་སེམས་ལ་ཆོག་གིས་དགའ་བར་བྱེད།། ཡིད་བརྟན་ཀྱང་ནི་དེ་ལ་ཡིད་མི་རྟོན།། འོན་ཀྱང་བུ་འདྲར་སྡུག་པར་སྟོན་པར་བྱེད།། སེམས་ཅན
344b7 བརྣབ་མོ་འཇིག་རྟེན་གང་རྩུབ། ། སྨན་དང་བསྟན་བཅོས་དག་ལ་མཁས་སྟོན་ཅི་།། སྨད་འཚོང་ལྟ་བུམ་ཚིག་གིས་འདྲིད་བྱེད་ལ།། ཁོང་ནས་མི་བདེ་ཤིན་ཏུ་ཐུབ་པ་ཡིན།། བརྣབ་མོ་དག་ལ་མཐ
iiif viewer powered by OpenSeadragon
344a - 345a