| | e-texts navigator
|
344a1 གཤེད་མ་མི་མཛའ་འདྲ་ཡང་བྱིས་པས་གསོ།། ལུས་ཀྱི་ཆེད་དུ་རིག་པའི་ལས་ཀྱང་བྱེད།། དེ་ཕྱིར་དེ་དག་སྡུག་བསྔལ་ཚོར་བ་སྤྱད།། ལུས་འདི་རྡོ་རྗེ་སྭཱ་ཛྲ
344a2 སྲ་མ་ཡིན། ། ལུས་ཀྱི་ཆེད་དུ་སྡིག་པ་མ་བྱེད་ཅིག། འཆི་བར་རྟོགས་ནས་བསོད་ནམས་མྱུར་དུ་བྱོས།། དེ་བཞིན་སངས་རྒྱས་བསྟན་ལ་དད་པ་སྐྱེད།། ཟས་དང་སྐོམ་དང་བྱུག་བགོས་རྣམས
344a3 ཀྱིས། ལུས་འདི་ཇི་སྲིད་ཡུན་རིང་བསྙེན་བཀུར་ཏེ།། བརྟན་པར་བྱས་ཀྱང་འཇིག་པར་འགྱུར་ཡིན་ན།། འདི་ལ་འབད་པ་དོན་མེད་ཅི་ཕྱིར་བྱ།། བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་པར་དཀའ།།
344a4 ཐུབ་པ་འབྱུང་འདི་ཁྱེད་ཀྱིས་རྙེད་པ་ལ།། སངས་རྒྱས་བསྟན་ལ་དེ་བཞིན་དད་པ་སྐྱེད།། ཤིན་ཏུ་འཇིགས་པའི་ངན་འགྲོར་མ་འགྲོ་ཞིག། ལོ་སྟོང་བྱེ་བར་སུ་ཞིག་འཚོ་གྱུར་པ།། དེས་ཀྱང་ཆགས་པ་ཡོད
344a5 སུ་སྤང་བྱ་ན། ། སུ་ཞིག་ལོ་བརྒྱ་ཐུབ་པར་མི་འགྱུར་བ།། དེ་ཕྱིར་དགའ་བ་མི་རྙེད་སྤྱོས་ཅི་དགོས།། མ་བསྡམས་མི་རྣམས་ཁ་ཅིག་འདི་སྐད་དུ།། མི་རྙེད་ཤིན་ཏུ་དཀའ་བ་རྙེད་པ་ལ།། གཞོན
344a6 རྩེད་མོ་དག་དང་དགའ་བྱ་ཞིང་། ། ནོར་བཙལ་བདེ་བ་མྱོང་བར་བྱ་ཞེས་ཟེར།། ནོར་ཚོལ་བ་ལ་བདེ་བ་ག་ལ་ཡོད།། བསྲུང་བའི་ཕྱིར་ཡང་སྡུག་བསྔལ་མྱོང་བར་འགྱུར།། དེ་ཕྱིར་མཁས་པས་ཆཿ
344a7 པ་ཡོངས་སྤངས་ལ། ། ངན་ངོན་ཙམ་གྱིས་ཆོག་ཤེས་ཐོབ་པར་བྱོས།། ལོངས་སྤྱོད་སྦྲུ་མ་འདྲ་ཞིང་རྨི་ལམ་མཚུངས།། འདི་དག་བྱིས་པའི་སྐྱེ་བོ་འདྲིད་པ་ཡིན།། སད་ཅི་འབྱུང་ཞིང་སྐད་ཅིག་འཛི།
iiif viewer powered by OpenSeadragon
343b - 344b