e-texts navigator
Collection
Volume
Page
Wylie

343a1 ། ས། ཡང་ས་པ་། ས་ར
343a2 གྱུས་བུསྟེ། འཁྲུལ་པར་བྱེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཟགས་ལ་བུསྟེ། སླུ་བར་བརྟག་པར་ཨུ0f7f། བྱང་ཆུབ་སེམས་དཔས་ལུས་མེག་ཡོར་ལྔ་དྲ་། སྲུ་བ་ན
343a3 ཡིད་དུ་བརྟག་པར་བྱ་། ། ཁྱིམ་བདག་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་བཞི་བཅུ་རྩ་བཞི་པོ་དེ་དག་གིས་ལུས་ལ་བརྟག་པར་བྱའོ།། དེ་ལྟར་རྟོག་པའི་བྱང་ཆུབ་སེམས
343a4 དཔའ་སེམས་དཔའ་ཆེན་པོ་ལུས་ལ་ལུས་སུ་འདུན་པ་དང་། ལུས་ལ་དགའ་བ་དང་། ལུས་བདག་གིར་བྱེད་པ་དང་། ལུས་ལ་སྲེད་པ་དང་། ལུས་ལ་གནས་པ་དང་། ལུས་ལ་ཞེན་པ་ཀང
343a5 ཡིན་པ་དེ་དག་ཐམས་ཅད་སྤོང་ངོ་། ། སྲོག་ལ་སྲོག་ཏུ་འདུན་པ་དང་། སྲོག་ལ་དགའ་བ་དང་། སྲོག་བདག་གིར་བྱེད་པ་དང་། སྲོག་ལ་སྲེད་པ་དང་། སྲོག་ལ་ཞེན་པ་གང་ཡིན།
343a6 པ་དང་། དེ་བཞིན་དུ་ནོར་དང་། འབྲུ་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། བཟའ་བ་དང་། བཏུང་བ་དང་། བགོ་བ་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག།
343a7 དང་བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་རྣམས་དང་། ཡོ་བྱད་ཐམས་ཅད་ཀྱི་བར་དག་ལ་འདུན་པ་དང་། དགའ་བ་དང་། བདག་གིར་བྱེད་པ་དང་། སྲེད་པ་དང་། གནས




iiif viewer powered by OpenSeadragon

342b - 343b

Texts on this page

S11.28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo