| | e-texts navigator
|
341b1 ཡང་དག་པ་མ་ཡིན་པ་སྟེ། སྒྱུ་མ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་སྐྱེ་བོ་མི་མཁས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་པར་བྱེད་པར་བརྟག་པར་བྱ། བྱང
341b2 ཆུབ་སེམས་དཔས་ལུས་འཇིག་པ་དང་། བུ་ག་དགུའི་སྒོ་ནས་འཛག་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་མེས་ཀུན་ཏུ་འབར་བར་བརྟག་པར་བྱ། བྱང་ཆུབ
341b3 སེམས་དཔས་ལུས་ཞེ་སྡང་གི་མས་ཚིག་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་གཏི་མུག་གི་མེས་མེ་ལྕེ་གཅིག་ཏུ་གྱུར་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འདོད་ཆག
341b4 དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་ལྡོངས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འདོད་ཆགས་ཀྱི་དྲ་བས་ཁེབས་ཤིང་སྲེད་པའི་དྲ་བར་ཆུད་པར་བརྟག་པར་བྱ། བྱང་ཆུབ
341b5 སེམས་དཔས་ལུས་ཀུན་ནས་བུ་གས་ཡོངས་སུ་གང་བས། བུ་ཀའི་གནས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ནད་བཅུ་རྩ་བཞིས་གཙེས་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔ
341b6 ལུས་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་འཆི་བའི་ཆོས་ཉིད་ཡིན་པས་མི་རྟག་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཆོས་ལ་རྨོངས
341b7 བས་ལམས་པོ་ཡིན་པར་བརྟག་པར་བྱ། བྱང་ཆུབ་སེམས་དལས་ལུས་མཐར་གྱིས་གྲུབ་ཅི་ཐ་མར་འཇིག་པས་བུམ་པ་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་མྱ་ངན་གྱི་གནོད་པ་མང་པོ་ས་གང
iiif viewer powered by OpenSeadragon
341a - 342a