e-texts navigator
Collection
Volume
Page
Wylie

341a1 @ཕ་སོལ་མ་ཐོགས་ནས་སུ། ། འདི་ནི་དཀར་པོ་བྱ་ཞེས་པདར་བྱད་ཀྱ་།། དཀར་པའི་དཛེམ་པར་མི་འགྱུར་ཟད་པར་འགྱུར།། བྱས་ཟླ་རྒྱན་རྒྱ་མནག་བརྒྱལ་ཅན།། དེ་ལྟར
341a2 མི་གང་གཙང་སྦྲའི་བློ་གྲོས་ཅན། ། ང་ཡིས་ལུས་འདི་གཙང་མར་བྱ་ཞེས་ཏེ།། བསྐུས་ཕྱིར་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང་།། འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར།།
341a3 དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་། ཁྱིམ་བདག་དཔའ་བྱིན་དང་། ཁྱིམ་བདག་ལྔ་བརྒྱ་ཙམ་དེ་དག་ལ་བཀའ་སྩལ་པ། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
341a4 པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། རྣམ་པ་བཞི་བཅུ་རྩ་བཞིས་ལུས་ལ་བརྟག་པར་བྱ་སྟེ། རྣམ་པ་བཞི་བཅུ་རྩ་བཞི་གང་ཞེ་ན།
341a5 འདི་ལྟ་སྟེ། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ལུས་ཡིད་དུ་མི་འོང་བ་དང་། རང་བཞིན་གྱིས་མི་མཐུན་པ་སྟེ། སྨད་པར་བརྟག་པར་བྱ།
341a6 བྱང་ཆུབ་སེམས་དཔས་ལུས་རྣག་ཟག་པ་སྟེ། དྲི་མི་ཞིམ་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས་ཐ་མར་འཇིག་པ་སྟེ། སྙིང་པོ་མེད་པར་བརྟག་པར་བྱ། བྱང་ཆུབ་སེམས་དཔས
341a7 ལུས་རྒྱུས་པའི་འོག་རེས་སྤེལ་བ་སྟེ། ཉམ་ཆུང་བར་བརྟག་པར་བྱ་བ་བྱང་ཆུབ་སེམས་དཔས་ལུས་མི་གཙང་བ་ཟག་པ་སྟེ། མི་གཙང་བར་བརྟག་པར་བྱ། བྱང་ཆུབ་སེམས་དཔས་ལུས




iiif viewer powered by OpenSeadragon

340b - 341b

Texts on this page

S11.28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo