| | e-texts navigator
|
340a1 པའི་ཟས་ཟོས་མ་མག་དུ་བད་ཀུན་གྱི་གནས་སུ་འགྲོའོ། ། བ་ཀུན་གྱི་གནས་སུ་བྱིན་ནུས། བད་ཀུན་གྱིས་རྒྱབ་ཆུང་པོར་བྱས་ཏེ་ཤིན་དུ་མི་གཙང་བར་འགྱུར་རོ།། །
340a2 འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མ་ཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྲུར་པོར་འགྱུར་ཏེ། རླུང་གི་གནས་བསུ་འགྲོའོ།། ཁུ་སྟེ་རླུང་གི་གནས་སུ་བྱིན་ནས་རླུང་གིས་ཚོགས་མ་ལོགས
340a3 ཤིག། དང་མ་ལོགས་ཤིག་ཏུ་རྣམ་པར་འབྱེད་དེ། ཚིགས་མ་ལས་ནི་གཅིན་དང་ངན་སྐྱུགས་ལ་སོགས་ཏེ་དྲི་མ་རྣམས་འབྱུང་།། དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་ཤའོ།། ཤ་ལས
340a4 ཟིལ་ལོ། ། ཚིལ་ལས་རུས་པའོ།། རུས་པ་ལས་རྐང་ངོ་།། རྐང་ལས་ཁུ་ཆུའོ།། ཁུ་ཆུ་ལས་ལུས་འདི་ལྟ་སྟེ། དེ་ལྟར་ཐོག་མ་དང་ཐ་མའི་རྒྱུ་མི་གཙང་བའི་ཕྱིར་ལུས་མི་གཙང་བར་བྱང་ཆུབ་སེམས
340a5 དཔས་བསམ་པར་བྱའོ། ། ལུས་ལ་མི་གཙང་བར་ལྟ་བ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བསམ་པར་བྱ་སྟེ། ལུས་ཤེས་བྱ་བ་འདི་ནི་རུས་པ་སུམ་བརྒྱ་དྲུག་ཅུས་ཁོག་པ་བསླང་བ། ཤིང
340a6 ངན་པའི་ཁྱིམ་ལྟར་ཚིགས་སུམ་བརྒྱས་སྦྱར་བ། རྩའི་དྲ་བ་བཞི་བརྒྱས་གླགས་པ། ཤ་སྤ་མ་ཚད་ལྔ་བརྒྱས་གཡོགས་པ། སྡོམ་རྩ་དྲུག་གིས་ལེབས་པ། རྩ་བདུན་བརྒྱས་གང་བ། རྒྱུས་པ་བདུན་བརྒྱས
340a7 སྤེལ་བ། ཆུ་བ་བཅུ་དྲུག་གིས་བརྟན་པ། ཆུ་བ་གཉིས་ཀྱིས་ཁྱབ་པར་དཀྲིས་པ། རྒྱུ་མ་འདོམ་ཕྱེད་དང་བཞིས་ནང་རོལ་བྱས་ལ། ལོང་ཀ་དང་། ཕོ་བ་དང་འབྲེལ་པའི་མཉེ་མ་རི་པ་ཅུ་དྲུག་ཏུ་འཁྱིམ་པ
iiif viewer powered by OpenSeadragon
339b - 340b