e-texts navigator
Collection
Volume
Page
Wylie

339b1 བྱ་ཞིང་སྤྱད་པ་དང་། བུམ་པ་སོ་མ་གཏང་བ་ལྟར་ནན་ཏན་གྱིས་བག་བྱ་དགོས་པ་དང་། གྲོགས་པོ་མི་བསྲུན་པ་ལྟར་རྟག་ཏུ་རྗེས་སུ་བསྲུང་དགོས་པ་དང་། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ
339b2 པབ་དང་། ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་མཐར་འཆི་བའི་རྒྱ་མཚོ་ལ་ཐུག་པ་དང་། གློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང་། འགྲོན་པོ་མེད་པའི་གནས་ཁང་ལྟར་ཡོངས
339b3 སུ་བཟུང་བ་མེད་པ་དང་། བཙོན་སྲུངས་ལྟར་གསུག་གིས་བསྒྲུབ་པར་བྱ་བ་དང་། མཐའ་འཁོབ་ཀྱི་གྲོང་ཁྱེར་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་། བྱེ་མའི་གྲོང་ཁྱེར་ལྟར་རྟག་ཏུ་འཇིག་པའི
339b4 བདག་ཉིད་ཅན་དང་། མེ་ལྟར་ཆོག་མི་ཤེས་པ་དང་། རྒྱ་མཚོ་ལྟར་དག་པ་དཀའ་བ་དང་། སྦྲུལ་གྱི་གཟེ་བ་ལྟར་ནན་ཏན་གྱིས་བག་བྱ་བ་དང་། བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངས་སུ་བསྐྱང་དགོས་པ
339b5 དང་། སྣོད་ཆག་པ་ལྟར་རྟག་ཏུ་བག་བྱ་དགོས་པ་དང་། ཡུལ་ངན་པ་ལྟར་རྟག་ཏུ་གནོད་པ་འབྱུང་བ་དང་། ཟས་དུག་ཅན་ལྟར་རྟག་ཏུ་ཡོངས་སུ་སྤང་བར་བྱ་བ་དང་། རེ་ཞིག་དགོས་པའི་ཕྱིར་སྣོད་བརྙན
339b6 མ་ལྟ་བུ་དང་། ཁུར་བཀུར་བའི་ཤིང་རྟ་ལྟ་བུ་ཡིན་པ་འབའ་ཞིག་ཏུ་བློས་བཟུང་བར་བྱའོ།། ཁྱིམ་བདག་རྣམས་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མ་དང་ཐ་མའི་རྒྱུ་ལ་པོ
339b7 སོར་བརྟག་པར་བྱའོ། ། ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ། འདི་ལ་ཁུ་ཆུ་དང་ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ།། ཐ་མའི་རྒྱུ་ནི་ཟས་འཛུབ་ལ་སོགས་པ་སྟེ། ཁམ་གྱིས་བཅ




iiif viewer powered by OpenSeadragon

339a - 340a

Texts on this page

S11.28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo