e-texts navigator
Collection
Volume
Page
Wylie

339a1 གྲོག་མཁར་ལྟར་སྦྲུལ་གདུག་པའི་གནས་སུ་གྱུར་པ་དང་། སྦྲུལ་གདུག་པ་ལྟར་བྱས་པ་མི་གཟོ་བ་དང་། མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁུ་བ་དང་། བཤེས
339a2 གཉེན་ངན་པ་ལྟར་འདྲིད་པའི་བདག་ཉིད་ཅན་དང་། ལྦུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང་། ཆུའི་ཆུ་བུར་ལྟར་བྱུང་ནས་འཇུག་ཅིང་འཇུ་བ་དང་། སྨིག་རྒྱུ་ལྟར་སླུ་བའི་བདག་ཉིད
339a3 ཅན་དང་། ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང་། སྒྱུ་མ་ལྟར་སླུ་བའི་བདག་ཉིད་ཅན་དང་། རྒྱལ་པོ་ལྟར་བསྒོ་བྲག་མང་བ་དང་། དགྲ་ལྟར་གླགས་ལྟ་བ་དང་། རྐུན་པོ་ལྟར་ཡིད།
339a4 བརྟན་དུ་མི་རུང་བ་དང་། ཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང་། མི་མཛའ་བ་ལྟར་མི་ཕན་པར་འདོད་པ་དང་། གསོད་པ་ལྟར་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང་། བྱིར
339a5 རྒོལ་བ་ལྟར་དགེ་བའི་ཕྱོགས་ཀྱི་ཆོས་ཀྱི་བར་ཆད་བྱེད་པ་དང་། གྲོང་སྟོང་ལྟར་བདག་དང་བྲལ་བ་དང་། རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ་དང་། རྔང་ལྟར་མི་གཙང་བ་སྣ་ཚོགས་ཀྱིས་ཡོངས་སུ
339a6 གང་བ་དང་། སྤང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང་། སྦྲུལ་དང་། མི་དང་། ཁྱི་རོ་ལྟར་དྲི་ཚི་ཞིམ་པ་དང་། ངན་ཐུགས་ཀྱི་ཁུང་ལྟར་མི་གཙང་བའི་འབྱུང་གནས་དང་། མ་ལྟར་བསྤྱོད་ཀྱི།
339a7 བཟོད་པ་དང་། ཟུག་སུ་ལྟར་གནོད་པའི་བདག་གི་ཅན་དང་། རྡོ་བོ་སྡང་བ་ལྟར་བསྟན་པར་དཀའ་བ་དང་། ཁང་རྙིང་ལྟར་བཅོས་ལེགས་བྱས་ཤིང་བརྟེན་པ་དང་། ཟླ་རྙིབ་ལྟར་བཅོམ་།




iiif viewer powered by OpenSeadragon

338b - 339b

Texts on this page

S11.28 - 'phags pa khyim bdag dpas byin gyis zhus pa zhes bya ba theg pa chen po'i mdo