| | e-texts navigator
|
334b1 དཔའ་སྦྱིན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག
334b2 གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ར་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམ
334b3 ཅད་ཀྱང་དགྲ་བཅོམ་པ། ཟད་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅིང་ཤེས་པ།
334b4 གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར
334b5 ། གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར་ཤེས་པ། མངོན་པར་ཤེས་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོག་པ་ནི། འདི་ལྟ་སྟེ། ཚེ་དང་ལྡན
334b6 པ་ཀུན་དགའ་བོའོ། ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཐམས་ཅད་ཀྱང་གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་གྲོང་ཁྱེར་ཆེན་པོ་མ
334b7 མོད་ན། ཁྱིམ་བདག་དབར་སྦྱིན་ཞེས་བྱ་བ་ཕྲུག་པ། ནོར་ཆེབ། བདག་དབང་བ་མངའ། ནོར་དང་ཡོ་བྱད་མང་བ། ནོར་དང་། འབྲུ་དང་། མཛོད་དང་། བང་བའི་ཚོགས་མང་བ།
iiif viewer powered by OpenSeadragon
334a - 335a