| | e-texts navigator
|
314a1 འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་ཤེས་རབ་སྤྱད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ་སྐྱེད་པར་འདོད་པ་དང་། ཟག་པ་མེད
314a2 པའི་ཤེས་རབ་ཡང་དག་པར་སྐྱེད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ་ཡང་དག་པར་སྐྱེད་པར་འདོད་པ་དེ་ནི། ཤེས་རབ་དགེ་བ་དང་ཡེ་ཤེས་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། དེ་ནི་དམ
314a3 པ་ཡིན་པའི་ཕྱིར་རོ། ། ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ། ཡིད་བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན
314a4 པ་ཡོངས་སུ་རྫོགས་པར་བྱེད་དོ། ། བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོག་པར་འཚང་རྒྱའོ།། ཆོས་ཀྱི
314a5 རྣམ་གྲངས་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཐེག་པ་གསུམ་དང་མཐོ་རིས་སུ་སྐྱེ་བའི་དོན་བྱས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱི་དེ
314a6 སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་བཟངས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང
314a7 དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པོར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས
iiif viewer powered by OpenSeadragon
313b - 314b