| | e-texts navigator
|
313b1 སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། མངོན་སུམ་དུ་བྱེད་པ་དང་། ཡིད་ལ་བྱེད་པ་དང་། མངོན་སུམ་དུ་བྱས་པ་དང་། ཡིད་ལ་བྱས་ནས་ཀྱང་།
313b2 སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་སྒྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས
313b3 ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ། ། གལ་ཏེ་ཤེས་རབ་དེ་དང་ཡེ་ཤེས་དེ་ལ་སློབ་པའི་ནུས་པ་དང་མི་ལྡན་པར་གྱུར་ན། དེ་འདི་ལྟར་ཡང་དག་པར་སློབ་སྟེ།
313b4 དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུའང་འཆལ་པའི་ཤེས་རབ་དང་། མི་ཤེས་པ་སྤང་བ་དང་། དོར་བ་དང་། བསལ་བར་རྩོལ་ལོ།། འབད་དོ།། དུས་དུས་སུ་འམ། ཅུང་ཟད་ཅུང་ཟད་དུའང
313b5 ཤེས་རབ་དང་། ཡེ་ཤེས་དེ་ལ་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ།། འབད་དོ།། སྲིད་པ་གཞན་དུ་གྱུར་པ་ནའང་ཞུམ་པར་མི་འགྱུར་ཞིང
313b6 སྒྱིད་ལུག་པར་མི་འགྱུར་རོ། ། ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང
313b7 ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་དུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་ཤེས་རབ་དགེ་བ་དང་། ཡེ་ཤེས་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ།
iiif viewer powered by OpenSeadragon
313a - 314a