| | e-texts navigator
|
308b1 གཞན་གང་ཡིན་པའི་སྐད་ཅིག་དེ་ནི་གནས་མེད་པ། འདུག་པ་མེད་པའོ།། སྐད་ཅིག་གི་དུས་གང་ཡིན་པ་དེ་ནི་ནང་དང་ཕྱིའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དོ།། ནང་དང་ཕྱིའི་ཕུང
308b2 པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་དུས་སོ།། ད་ལྟར་བྱུང་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་སྐད་ཅིག་ཙམ་ཡང་མི་གནས་པ་མི་འདུག་པ་སྟེ།
308b3 མི་གནས་པ་མི་འདུག་པ་ལ་ནི་བདག་གམ་བདག་གི་བ་མེད་པའོ།། དེའང་གང་གི་ཚེ་མ་འོངས་པར་གྱུར་པ་དེའི་ཚེ་མ་སྐྱེས་པ། མ་བྱུང་བ། ཡོད་པ་མ་ཡིན་ནོ།། བདག་ཏུ་མ་གྱུར་ཅིང
308b4 བདག་གིར་མ་གྱུར་པའོ། ། གང་གི་ཚེ་འདས་ཏེ་འགགས་པ་དང་མ་བྱུང་སྟེ་ཡོད་པ་མ་ཡིན་པར་གྱུར་པ་དེའི་ཚེའང་བདག་མེད་པ་དང་། བདག་གི་མེད་པ་ཉིད་དུ་འགྱུར་རོ།། གང་ཡང་དུས་གསུམ
308b5 དག་ཏུ་བདག་མེད་ཅིང་བདག་གི་མེད་པ་དེ་ནི་མ་བྱུང་ཞིང་ཡོད་པ་མ་ཡིན་པའི་ཕྱིར་མཁས་ཤིང་རིག་པ་རྣམས་ཀྱིས་འདི་ནི་བདག་གིའོ། ། འདི་ནི་ངའོ།། བདག་གི་འདི་ནི་ཡོད་དོ་ཞེས་བདག་ཏུ་ལྟ
308b6 བར་འོས་པ་མ་ཡིན་ནོ། ། དེ་སྲིད་པ་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། འགོག
308b7 པའི་འདུ་ཤེས་ཅན་དུ་གནས་ཏེ། འགོག་པ་མངོན་སུམ་དུ་བྱེད་པའང་མ་ཡིན་ནོ།། གང་དེ་ལྟར་དུས་གསུམ་རབ་ཏུ་ཤེས་པ་དེ་ནི་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད
iiif viewer powered by OpenSeadragon
308a - 309a