e-texts navigator
Collection
Volume
Page
Wylie

306a1 ཤེས་བྱའོ། ། དེ་ལས་བྱུང་བ་གང་ཅིའང་རུང་། སེམས་ཤེས་བྱ་བ་དང་། ཡིད་ཅེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ།། དེ་ལས་བྱུང་བ་གང་ཅིའང་རུང
306a2 ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དེ་ནི་མིང་ཞེས་བྱའོ།། གང་ཅིའང་རུང་བ་ལྷན་ཅིག་བྱུང་བ་མེར་མེར་པོའི་གཟུགས་དང་། རྫུས
306a3 བྱུང་བའི་གཟུགས་དང་། རྣམ་པར་རིག་བྱེད་ཀྱི་གཟུགས་དེ་ནི་གཟུགས་ཤེས་བྱ་སྟེ། དེ་གཉིས་ནི་མིང་དང་གཟུགས་ཤེས་བྱའོ།། དེ་ལས་བྱུང་བ་མིག་དང་། རྣ་བ་དང་། སྣ་དང་།
306a4 ལྕེ་དང་། ལུས་དང་། ཡིད་དེ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ།། མིག་ལ་བརྟེན་ཅིང་གཟུགས་ལའང་བརྟེན་ཏེ། མིག་གི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པའོ།།
306a5 རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་ལ་བརྟེན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང་། གསུམ་འདུས་པ་ནི་རེག་པ་སྟེ། དེ་ནི་རེག་པ་ཞེས་བྱའོ།།
306a6 དེ་ལས་བྱུང་བ་བདེ་བའམ། སྡུག་བསྔལ་བ་འམ། སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པ་དེ་དག་ནི་ཚོར་བ་གསུམ་ཞེས་བྱའོ།། དེ་ལས་བྱུང་བ་འདོད་ཆགས་དང་། ཆགས་པ་དང་།
306a7 དགའ་བ་དེ་ནི་སྲེད་པ་ཞེས་བྱའོ།། དེ་ལས་བྱུང་བ་ཀུན་ཏུ་ཆགས་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་དེ་ནི་ལེན་པ་ཞེས་བྱའོ།། དེ་ལས་བྱུང་བ་གཟུགས་དང་།




iiif viewer powered by OpenSeadragon

305b - 306b

Texts on this page

S11.26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo